བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-12-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་25ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཁུལ་ཨུའི་སྙན་ཞུ་ཐིང་དུ་འགོ་ཚུགས་པ།

ཚོགས་འདུའི་ཡུལ་དངོས།

        ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་251ཞུགས་དགོས་པ་དང་།དངོས་སུ་219ཞུགས་ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

         ཁུལ་དཔོན་ཆི་ཅན་ཞིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་སེང་ཞུས།

        ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཕུའུ་ལུའུ་ཧྭས་གྲོས་ཚོགས་གཙོ་སྐྱོང་གནང་བ།

        ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ད་དུང་ཀུའུ་ཁུན་དང་།  ཁྲེན་ཅུན་མིང་།  ཞའོ་ཞུས། ཞའོ་ཝུའུ། དབྱང་ཅན་ཧྭ། ཡུས་ཀུའེ་ཧྥུན། ཕུའུ་ཅང་། ཕན་ཞུའེ་ཡིང་། ལུའོ་ཐེན་ཁྲེང་། ཧོ་ཅིན་ཧུང་། ཧོ་ཅི་ཧྥུ། ཧོ་ཡུས་ཝུན་བཅས་ཡོད།

        སྙན་སེང་ཐོག་བསྟན་དོན།  2019ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་འཇུག་བྱེད་པ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།ཁྲིམས་ལྟར་བོད་སྐྱོང་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་གི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་དང་།ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐབས་ཇུས་བཀོད་སྒྲིག་ལྟར། བརྟན་པོའི་ངང་ནས་མདུན་སྐྱོད་པའི་ལས་ཀའི་སྤྱི་ཡོངས་བསམ་གཞི་རྒྱུན་འཁྱོངས་བྱེད་པ། གཏིང་ཟབ་ཀྱིས་“ཁུལ་བཞིའི་འཐབ་ཇུས་”སྐུལ་འདེད་གཏོང་བ་དང་། དངོས་གནས་ཀྱིས་ཆབ་སྲིད་དང་དོད་དང་རྨང་གཞི་སྲ་འཛུགས། སྐྱེ་ཁམས་འཛུགས་སྐྱོང་། ཐོན་ལས་སྤུས་ལེགས། དམངས་འཚོ་ཕན་བདེ། འཆམ་མཐུན་སྐུལ་འདེད། ཏང་འཛུགས་ནན་སྐྱོང་ཞེས་པའི་ལས་ཀ་ཁག་སྒྲུབ་པ།  སྔར་ལས་ལྷག་པར་ལས་ཞུགས་དང་དངུལ་རྩ། ཕྱི་ཕྱོགས་ཉོ་ཚོང་། མ་རྩ་འཇོག་པ། སྔོན་དཔག་བཅས་བརྟན་པོར་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཡོངས་བོད་ཁུལ་ཀྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།བདེ་ཆེན་འདི་ཉིད་མི་དམངས་བདེ་སྡོད་དང་འགན་ལེན་ནུས་ལྡན།ཁྱིམ་གཞི་མཛེས་ལྡན།མི་རིགས་མཐུན་སྒྲིལ།འཆམ་མཐུན་དཔལ་ཡོན་གྱི་ཆེས་མཛེས་པའི་བོད་ཁུལ་དུ་འཛུགས་སྐྲུན་བྱེད་དགོས།

        སྙན་སེང་ཐོག་ནན་བཤད་བྱས་དོན།  2019ལོར་ཁུལ་ཡོངས་ཀྱིས་མཚོ་གནད་དུ་ཕྱོགས་བདུན་གྱི་ལས་ཀ་དམ་འཛིན་བྱེད་དགོས་ཏེ། གཅིག་ནི་རྣམ་གྲངས་མ་འཇོག་ལ་དམིགས་ཏེ་དཔལ་འབྱོར་དར་འཕེལ་གྱི་རྒྱབ་སྐྱོར་དེ་བས་ཤུགས་ལྡན་དུ་འཇུག་དགོས།  གཉིས་ནི་སྤུས་འབྲས་ལེགས་གཉེར་ལ་དམིགས་ཏེ་ཕྱོགས་སྒྱུར་རིམ་སྤར་གྱི་གོམ་སྟབས་དེ་བས་བརྟན་པོར་གཏོང་དགོས།  གསུམ་ནི་སྲུང་སྐྱོང་དང་བཅོས་སྒྲིག་ལ་དམིགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་དེ་བས་མཛེས་སུ་འཇུག་དགོས།  བཞི་ནི་གནད་སྨིན་དབུལ་སྐྱོར་ལ་དམིགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྨང་གཞི་དེ་བས་བརྟན་དུ་འཇུག་དགོས། ལྔ་ནི་དྲང་སྙོམས་དྲང་གཞག་ལ་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་དུ་འཇུག་དགོས།  དྲུག་ནི་གསར་གཏོད་གསར་འབྱེད་ལ་དམིགས་ཏེ་སྒྱུར་བཅོས་སྒོ་འབྱེད་ཀྱི་གསོན་ཤུགས་དེ་བས་དྲག་ཏུ་འཇུག་དགོས། བདུན་ནི་མཉམ་སྐྲུན་མཉམ་སྐྱོང་ལ་དམིགས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དེ་བས་འཐུས་ཚང་དུ་གཏོང་དགོས།

        ཚོགས་འདུའི་གྲོས་རིམ་ལྟར་ཚོགས་ཆེན་ཐོག་ཡིག་ཐོག་གི་རྣམ་པར་བརྒྱུད་ནས་འཐུས་མི་གདན་འདྲེན་གྱིས་བདེ་ཆེན་ཁུལ་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང་།2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད་མ་ཟིན་གྱི་སྙན་ཞུ། བདེ་ཆེན་ཁུལ་གྱི2018ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2019ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་གནང་བ་རེད།

        ཀྲུའུ་ཞི་སྟེགས་བུར་ད་དུང་ཡུས་ཧྲེང་ཞང་དང་། ཀྲང་ཝེ་ཏུང་། ཁྲ་ཀྲུང་ཝང་། ཏུའུ་ཡུང་ཁྲུན། ལི་ཡན་ལན། བཀྲ་ཤིས་དོན་འགྲུབ། ལིའུ་རུང་། དབྱང་ཙི་ཅང་། མང་ཧྲའོ་པིའོ།  མིའོ་ཡིའུ་ཧྥ། ཀའོ་ཀུའོ་ཁྲེང་། ཝང་ཡུན་སུང་། ཝང་ཝུན་ཅ། ཚའེ་ཝུའུ་ཁྲེང་། དབྱང་ཀྲེང་དབྱི། སུང་ཐའོ། ཧོ་ལི་ཕིང་། ཁྲེང་ཕེང་། ཀྲང་ཁྲུན་ཙེ། དབྱང་ཧྥེང་ཞི།  ཀུའོ་ཁྲུང་ཞན། ཧོ་ཡུང་ཀྲུང་། ཧྲི་ཁྲུན་མིང་། ཀྲོའུ་ཡིང་ཧྲུའུ། ཝང་ཁའེ་ཧྲི། ཧུའུ་ཧུང་ཆོན། ཏའེ་ཧྲི་ཅན་བཅས་བཞུགས་ཡོད་པ་རེད།

        སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་དང་། ཟུར་ཞུགས་མི་སྣ་ཚོགས་ཆེན་དུ་ཟུར་ཞུགས་བྱེེད་པ་རེད།

ཚོགས་འདུའི་ཡུལ་དངོས།