སྐབས་བཅུ་གཅིག་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་འགོ་འཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-25   རྩོམ་ཁུངས།    བོད་ལྗོངས་འཕྲིན་དྲ།

       སྐབས་བཅུ་གཅིག་པའི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་ སྤྱི་ཟླ3པའི་ཚེས23ཉིན་ཉིང་ཁྲི་རྫོང་ཀ་ལ་གྲོང་ཚོ་རུ་འགོ་འཚུགས་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།ཉིང་ཁྲིས་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་ཐེངས་བཅུ་གཉེར་རྒྱུ་ལེགས་གྲུབ་བྱུང་བ་དང་། རྒྱལ་ཁབ་ཕྱི་ནང་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ11ལྷག་སྣེ་ལེན་བྱས་པས།ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་ཚོར་ཡོང་འབབ་སྒོར་ཁྲི་ཚོ83ལྷག་འཕར་སྣོན་བྱུང་ཡོད་པ་རེད།