ལྷོ་ཁ་ས་ཁུལ་གྱིས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-25   རྩོམ་ཁུངས།    བོད་ལྗོངས་འཕྲིན་དྲ།

        ཉེ་བའི་ལོའི་ནང་།བོད་ལྗོངས་ལྷོ་ཁ་ས་ཁུལ་གྱིས་བཟའ་བཅའི་བདེ་འཇགས་སྲོལ་ཡིག་དང་དམ་པོར་བསྟུན་ནས། སྲིད་གཞུང་གིས་འགན་འཁུར་བ་དང་ཚན་པ་ཁག་གིས་མཐུན་སྦྱོར་བྱེད་པ།ཕྱོགས་ཁག་གིས་མཉམ་འབྲེལ་ཐོག་ལས་ཀ་བྱེད་པའི་བྱ་ཐབས་བཟོས་ཏེ།བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ནུས་པ་ཤུགས་ཆེར་བཏང་ཐོགདུས་ངེས་མེད་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་བཅོས་སྒྲིག་བྱས་པས།ས་ཁུལ་ཡོངས་ཀྱི་བཟའ་བཅའི་ཁྲོམས་ར་གཙང་སེལ་བྱེད་པའི་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།