བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

  ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན། (གནད་བསྡུས)


        སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བྱ་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་མི་དམངས་ཀྱི་ཕན་བདེ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བའི་ཕུགས་ཡུན་གྱི་ཇུས་གཞི་ཆེན་པོ་ཞིག་རེད། ཐོན་ཁུངས་ཀྱི་ཚོད་འཛིན་དམ་དུ་འགྲོ་བ་དང་། ཁོར་ཡུག་བསླད་སྐྱོན་ཚབས་ཆེར་འགྲོ་བ། སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བ་བཅས་ཀྱི་གནས་བབ་ཛ་དྲག་ཅན་ལ་དམིགས་ནས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ངེས་པར་ཆགས་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་དེ་གནས་བབ་མངོན་གསལ་དུ་བཞག་ཐོགདཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་ལ་སོགས་པའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་སིམ་འདྲེས་ཡོང་བར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་གཏན་ནས་གཏན་དུ་འཕེལ་རྒྱས་ཡོང་བ་མངོན་འགྱུར་གང་ཐུབ་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་མངོན་གསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས། ལྗང་མདོག་ཅན་གྱི་འཕེལ་རྒྱས་དང་།འཁོར་རྒྱུག་ཅན་གྱི་འཕེལ་རྒྱས། ཐཱན་ཉུང་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་བར་ཤུགས་རྒྱག་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གནས་ཀྱི་བཀོད་པ་དང་། ཐོན་ལས་གྲུབ་ཚུལ།ཐོན་སྐྱེད་བྱེད་སྟངས།འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་འགྱུར་བའི་འཕེལ་ཕྱོགས་རྩ་བ་ནས་ཡོ་བསྲང་བྱེད་པ་དང་། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་སའི་གོ་ལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཡོང་བར་བྱས་རྗེས་འཇོག་དགོས།
        གཅིག་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་གསར་སྤེལ་གྱི་བཀོད་པ་ལེགས་སྒྱུར་བྱ་དགོས།མི་འབོར་དང་ཐོན་ཁུངས་དང་ཁོར་ཡུག་གསུམ་ཕན་ཚུན་དོ་མཉམ་ཡོང་བ་དང་། དཔལ་འབྱོར། སྤྱི་ཚོགས། སྐྱེ་ཁམས། ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པའི་རྩ་དོན་གཞིར་བཟུང་ནས་གསར་སྤེལ་གྱི་ཤུགས་ཚད་ཚོད་འཛིན་དང་། གནས་ཀྱི་གྲུབ་ཚུལ་ལེགས་སྒྲིགཐོན་སྐྱེད་བྱ་ཡུལ་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ། འཚོ་བ་སྐྱེལ་ཡུལ་སྡོད་པར་འཚམ་ཞིང་ཚད་དང་མཐུན་པ།སྐྱེ་ཁམས་ཁོར་ཡུག་གི་རི་བོ་མཛེས་ཤིང་ཆུ་བོ་དྭངས་པ་བཅས་ཡོང་བར་སྐུལ་འདེད་དང་། རང་བྱུང་ཁམས་ལ་སླར་གསོའི་བར་སྟོང་སྔར་ལས་མང་བ་འཇོག་པ། ཞིང་ལས་ལ་ས་ཞིང་ལེགས་པོ་སྔར་ལས་མང་བ་འཇོག་པ། བུ་རབས་ཚ་རྒྱུད་ལ་མཁའ་དབྱིངས་སྔོ་ཞིང་ས་གཞི་ལྗང་མདོག་ལྡན་ལ་ཆུ་དྭངས་གཙང་གི་ཁྱིམ་གཞིས་མཛེས་སྡུག་ལྡན་པ་ཞིག་འཇོག་པ་བཅས་བྱ་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་མགྱོ གས་སུ་གཏོང་བ་དང་། ས་ཁུལ་ཁག་གིས་གཙོ་ཤུགས་ཀྱི་ནུས་པ་གནས་ས་གཏན་འཁེལ་དམ་ནན་གཞིར་བཟུང་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་།ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་གྲོང་ཁྱེར་ཅན་དུ་འགྱུར་བའི་བཀོད་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་བཀོད་པ། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་བཅས་ཆགས་པར་བྱ་དགོས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ།རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱ་མཚོའི་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།
        གཉིས་ནས་ཐོན་ཁུངས་གྲོན་ཆུང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་ངང་ནས་ཐོན་ཁུངས་བེད་སྤྱོད་དང་། ཐོན་ཁུངས་བེད་སྤྱོད་སྟངས་རྩ་བ་ནས་སྒྱུར་བར་སྐུལ་འདེད། བརྒྱུད་རིམ་ཧྲིལ་པོར་གྲོན་ཆུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཁུངས་དང་། ཆུ། ས་ཆ་བཅས་འཛད་གྲོན་བྱེད་ཚད་གཅོག་གང་ཐུབ་བྱས་ཏེ་ལས་ཕྱོད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་དང་། ནུས་བསྲི་ཐཱན་ཉུང་ཐོན་ལས་དང་ནུས་ཁུངས་གསར་པ་དང་བསྐྱར་སྐྱེའི་ནུས་ཁུངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ཡོང་བར་ཁག་ཐེག་ཏན་ཏིག་བྱ་དགོས། ཆུའི་འབྱུང་ཁུངས་ས་ཆ་སྲུང་སྐྱོང་དང་ཆུ་སྤྱོད་ཚད་བསྡོམས་འབོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱ་དགོས། རྨོ་ཞིང་སྲུང་སྐྱོང་གི་ཚད་ཐིག་དམའ་ཤོས་དམ་སྲུང་དང་ས་ཆའི་སྤྱོད་སྒོར་དོ་དམ་ནན་པོར་བྱ་དགོས། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་། སྲུང་སྐྱོང་། གསར་སྤེལ་ལུགས་དང་མཐུན་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་དང་། འགྲོ་རྒྱུགའཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་གྱི་གྲངས་འབོར་ཉུང་དུ་གཏོང་བ་དང་།ཡང་བསྐྱར་བེད་སྤྱོད། ཐོན་ཁུངས་ཅན་དུ་འགྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས།
        གསུམ་ནས་རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་སླར་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཐོན་སྐྱེད་བྱེད་ནུས་ཇེ་ཆེར་གཏོང་བ། མྱ་ངམ་ཐང་དང་། བྱེ་རྡོ་ཅན། ས་ཆུ་ཤོར་ཚུལ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་ལྕག་དང་། ཆུ་བེད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་མ་ལག་འཛུགས་ཤུགས་ཇེ་ཆེར་བཏང་ནས། སྔོན་འགོག་གཙོ་བོར་འཛིན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ཁོར་ཡུག་གི་དམིགས་བསལ་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཞག་ནས་ཆུ་དང་། རླུང་ཁམས་ཆེ་མོ། ས་རྒྱུ་སོགས་ཀྱི་བརྫད་སྐྱོན་འགོག་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གཅིག་མཐུན་ཡིན་རུང་ཁྱད་པར་ཡོད་པའི་སྒོ་ནས་འགན་འཁྲི་འཁུར་བའི་རྩ་དོན་དང་། དྲང་གཞག་གི་རྩ་དོན། རང་རང་གི་ནུས་པར་དཔག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་དགོས།
        བཞི་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཐོན་ཁུངས་ཟད་གྲོན་དང་། ཁོར་ཡུག་གནོད་འཚེ། སྐྱེ་ཁམས་ཀྱི་ཕན་ནུས་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་མ་ལག་ནང་འཇུག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་མངོན་ཐུབ་པའི་དམིགས་ཚད་མ་ལག་དང་། དཔྱད་ཞིབ་བྱེད་ཐབས། གཟིགས་བཟོས་ཉེས་འགེལ་ལམ་སྲོལ་བཅས་འཛུགས་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྣང་གསར་སྤེལ་སྲུང་སྐྱོང་ལམ་ལུགས་བཙུགས་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་། ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ལམ་ལུགས། ཁོར་ཡུག་སྲུང་སྐྱོང་ལམ་ལུགས་བཅས་དོ་ནན་ཆེ་ཤོས་ཐོག་ནས་འཐུས་ཚང་དུ་གཏོང་དགོས། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ཀྱི་རིན་གོང་དང་ཁྲལ་གྲོན་སྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་སྤེལ་ནས་ཚོང་རའི་མཁོ་འདོན་དང་ཐོན་ཁུངས་དཀོན་ཚད་མཚོན་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་མཚོན་པ་དང་མི་རབས་གཉིས་བར་ཁ་གསབ་བྱེད་པའི་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་དགོས། ཁོར་ཡུག་ལ་ལྟ་སྡོམས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་དང་ཁོར་ཡུག་གི་གནོད་འཚེ་གསབ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་སྲུང་བའི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཇེ་ཆེར་བཏང་ནས་འཛད་སྤྱོད་ཚུལ་མཐུན་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་ཆགས་པར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་ཆགས་པར་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ང་ཚོས་ངེས་པར་དུ་རང་བྱུང་ཁམས་ལ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་གཅེས་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྔར་ལས་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་གང་ཐུབ་བྱ་དགོས།

        རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་སྤེལ་མགྱོ གས་སུ་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྐུལ་སྤེལ་མགྱོགས་སུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། རང་རྒྱལ་གྱི་རྒྱལ་སྤྱིའི་་གནས་བབ་དང་ཆ་མཚུངས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་གཏོང་རྒྱུའི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་རྒྱུ་དེ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། རྒྱལ་ཁབ་ཀྱི་སྲོག་ཤིང་བདེ་འཇགས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱ་རྒྱུ་ངེས་པར་མཐའ་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ“གོམ་རིམ་གསུམ་དུ་དབྱེ་རྒྱུའི”འཐབ་ཇུས་ཀྱི་བསམ་བཀོད་གཞིར་བཟུང་ནས་འཕྲུལ་ཆས་ཅན་དང་བརྡ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་གཉིས་གང་མགྱོགས་ལེགས་འགྲུབ་བྱས་ཏེ་2020ལོར་སླེབས་དུས་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་དུ་འགྱུར་བ་དང་། བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་དགོས་ན། མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་། དུས་རབས་གསར་པའི་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཏེང་ཞའོ་ཕིང་གི་དགོངས་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཅང་ཙེ་མིང་གི་དགོངས་པ། དུས་སྐབས་གསར་པའི་འོག་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་སྐོར་གྱི་ཏང་གི་དགོངས་དོན་སློབ་སྟོན་དུ་བྱ་དགོས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་བདེ་འཇགས་ཡོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་མཐུན་པར་བྱས་ཏེ་དུས་རབས་གསར་པ་དང་དུས་རིམ་གསར་པའི་དམག་དཔུང་གི་ལོ་རྒྱུས་ལས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་དམིགས་ནས་དུས་རབས་གསར་པར་འགོག་སྲུང་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དམག་དོན་འཐབ་ཇུས་ཀྱི་སློབ་སྟོན་ཇེ་ཆེར་གཏོང་བ། རྒྱ་མཚོ་དང་། བར་སྣང་། དྲ་སྦྲེལ་བར་སྟོང་གི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན། ཞི་བའི་དུས་སུ་དམག་དོན་སྟོབས་ཤུགས་བཀོལ་སྤྱོད་ཀྱི་ཐབས་ཇུས་ཧུར་ཐག་བཏིང་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་བཏང་སྟེ་བརྡ་འཕྲིན་ཅན་གྱི་ཆ་རྐྱེན་འོག་དམག་འཁྲུག་ཆ་ཤས་ལ་རྒྱལ་ཁ་ཐོབ་པར་བྱེད་ནུས་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱེད་པའི་སྣ་མང་ཅན་གྱི་དམག་དོན་ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ་བརྗོད་བྱ་གཙོ་བོར་འཇོག་པ་མཐའ་འཁྱོངས་དང་། འཐབ་འཛིང་གི་ནུས་པ་གྲུབ་ཚུལ་གང་མགྱོགས་འཕོ་འགྱུར་བྱ་རྒྱུ་གཙོ་གནད་དུ་བཞག་སྟེ་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཏང་གིས་དམག་དཔུང་ལ་བལྟོས་མེད་ཀྱིས་འགོ་ཁྲིད་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་མི་གཏོང་བར་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་དམག་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་ལྷོད་མེད། དེང་རབས་ཀྱི་གསར་བརྗེའི་དམག་མིའི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས་ངང་སྐྱེད་སྲིང་། བློ་བརྟན་འགྱུར་མེད་ངང་བརྡ་འཕྲིན་ཅན་དེ་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བརྩིས་ནས་བརྡ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པའི་འཕེལ་རྒྱས་མགྱོགས་པོ་ཡོང་བ་བྱ་དགོས། ལག་རྩལ་མཐོ་གསར་གྱི་གོ་མཚོན་དྲག་ཆས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཅན་དུ་འགྱུར་བའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་བྱང་ཚད་མཐོ་བའི་དམག་དོན་མི་སྣ་གསར་པ་འབོར་ཆེན་སྐྱེད་སྲིང་བྱེད་པ་དང་། བརྡ་འཕྲིན་ཅན་གྱི་ཆ་རྐྱེན་འོག་དམག་དོན་སྦྱོང་བརྡར་གཏིང་ཟབ་བྱས་ནས་བརྡ་འཕྲིན་མ་ལག་གིས་རྨང་གཞི་བྱེད་པའི་ཁོངས་གཏོགས་ཀྱི་དམག་འཐབ་ནུས་པ་ཇེ་ཆེར་གཏོང་དགོས། ཁྲིམས་བརྟེན་དམག་སྐྱོང་དང་དམག་དཔུང་ནན་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་ཡོང་བ་བྱ་དགོས།
        ཁོང་གིས་བསྟན་དོན། བརྩོན་ཞིང་བརྟན་པོའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཧུར་ཐག་དང་བརྟན་པོའི་ངང་ནས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་ཡོང་བར་བྱ་དགོས། དམག་དོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུ་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ནུས་ཤུགས་གང་ཡོད་ཀྱིས་རྒྱལ་སྲུང་ཚན་རྩལ་བཟོ་ལས་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་གང་ཐུབ་བྱས་ནས་དམག་དཔུང་རྩ་འཛུགས་ཀྱི་རྣམ་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཟབ་མོ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་དམག་དོན་སྟོབས་ཤུགས་ཀྱི་མ་ལག་འཛུགས་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དམངས་མཉམ་འདྲེས་ཚུལ་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཕྱུག་དང་དམག་སྟོབས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་དམག་དམངས་མཉམ་འདྲེས་ཚུལ་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་དང་། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་། ཁྲིམས་སྲོལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་གི་སྟོབས་ཤུགས་གང་མགྱོགས་འཛུགས་དགོས། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
        ཁོང་གིས་བསྟན་དོན། ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་དང་ལེན་བྱེད་ཅིང་། རྒྱལ་སྲུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་ཞི་བས་འཕེལ་རྒྱས་གཏོང་རྒྱུ་འགན་སྲུང་བྱེད་པའི་ཆེད་དུ་ཡིན། ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེའི་སྲུང་སྐྱོང་བྱེད་མཁན་གཡོ་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་པས། སྔོན་ཆད་བཞིན་རྒྱལ་ཁབ་ཁག་དང་དམག་དོན་མཉམ་ལས་བྱ་རྒྱུ་དང་། དམག་དོན་ཡིད་རྟོན་བྱེད་རེས་ཆེ་རུ་བཏང་སྟེ་ས་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་ཀྱི་དོན་གཅོད་ནང་ཐེ་ཞུགས་བྱས་ཐོག་རྒྱལ་སྤྱིའི་ཆབ་སྲིད་དང་བདེ་འཇགས་ཀྱི་ཁྱབ་ཁོངས་ནང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།


        “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཤང་ཀང་དང་ཨའོ་མོན་ཕྱིར་ལོག་པ་ནས་བཟུང་སྟེ་མེས་རྒྱལ་གྱི་ནང་ས་དང་ཕན་ཚུན་དགེ་མཚན་གསབ་རེས་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བྱས་པར་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དང་ཨའོ་མོན་ལ་བྱེད་ཕྱོགས་དང་སྲིད་ཇུས་ཁག་ལག་བསྟར་བྱས་པའི་རྩ་བའི་དམིཌ་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཐུབ་པའི་ཆེད་དུ་རེད།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་“ཤང་ཀང་བས་ཤང་ཀང་སྐྱོང་བ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་པར་རྒྱལ་ཁབ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ལམ་ལུགས་གཉིས་ཀྱི་ཁྱད་པར་ལ་ངེས་པར་དུ་བརྩི་བཀུར་བྱེད་པ་དང་། ཀྲུང་དབྱང་གི་དབང་ཆ་སྲུང་བ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆར་འགན་ལེན་བྱེད་པ། མེས་རྒྱལ་ནང་སའི་རྒྱབ་རྟེན་སྟོབས་ཆེན་འདོན་སྤེལ་བྱ་རྒྱུ་དང་ཀང་ཨའོ་ཡི་རང་བརྟེན་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱ་དགོས་པ་ལས་ནམ་ཡིན་ཡང་ཕྱོགས་གཅིག་ལས་མི་འཛིན་པ་གཏན་ནས་བྱེད་མི་རུང་།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། ཀྲུང་དབྱང་སྲིད་གཞུང་གིས་གཞི་རྩའི་རྩ་ཁྲིམས་གཞིར་བཟུང་ནས་བྱ་བ་སྒྲུབ་པ་དང་། གཞི་རྩའི་རྩ་ཁྲིམས་ལག་བསྟར་བྱེད་པ་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་དང་སྲིད་གཞུང་གིས་ཁྲིམས་ལུགས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣ་རྣམས་ཀྱི་སྣེ་ཁྲིད་ནས་བློ་རྩེ་གཅིག་སྒྲིམ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་བཅོས་ཕན་འབྲས་ཏན་ཏིག་ཐོན་པར་བྱེད་པ་དང་། གོམ་པ་རིམ་བགྲོད་ཀྱིས་དམངས་གཙོ་ཁྱབ་སྤེལ། ཁོང་ཡངས་མཉམ་འདེགས་ཀྱིས་འཆམ་མཐུན་ཡོང་བར་བྱེད་པ། ནང་ས་དང་ཤང་ཀང་། ཨའོ་མོན་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ།ཁྱབ་ཁོངས་ཁག་བར་མཉམ་ལས་སྤེལ་རེས་བྱེད་པར་སྐུལ་མ་གཏོང་དགོས། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ་རྣམས་རྒྱལ་གཅེས་ཀང་གཅེས་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་དར་ཆའི་འོག་མཐུན་སྒྲིལ་ཆེན་པོ་ཡོང་བ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀང་ཨའོ་ཡི་ལས་དོན་ལ་ཐེ་ཇུས་བྱེད་པར་ཉེན་ཟོན་དང་བཀག་འགོག་བྱ་དགོས།
        ཁོང་གིས་བསྟན་དོན། སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བར་དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་ཡག་པོ་དང་། འཛུགས་སྐྲུན་ཡག་པོ་བྱེད་པའི་བློ་གྲོས་དང་ཐབས་ཤེས་ཡོད་ལ་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས་ཡིན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་བའི་ལ་རྒྱ་དང་གཟི་བརྗིད་ཉམས་སུ་མྱོང་ངེས་ཡིན་པར་ཡང་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཞི་བས་གཅིག་གྱུར་བྱ་རྒྱུ་དེ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཆེ་ཤོས་རེད། ཞི་བས་གཅིག་གྱུར་བྱ་དགོས་ན་དང་ཐོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་དགོས།“ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་བྱ་རིམ་གྱི་བཞེད་དགོངས་དོན་ཚན་བརྒྱད་མཐའ་འཁྱོངས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་རྒྱུའི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་རྒྱུའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་ཞི་བས་གཅིག་གྱུར་ཡོང་བར་སྔར་ལས་ལྷག་པའི་ཆ་རྐྱེན་བསྐྲུན་དགོས།
        ཁོང་གིས་ནན་གསུངས་གནང་དོན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།མཚོ་འགག་ངོགས་གཉིས་པོས“ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་།“དགུ་གཉིས་བཞེད་མཐུན”གྱི་ཐུན་མོང་ལངས་ཕྱོགས་རྒྱུན་འཁྱོངས་ནན་སྲུང་བྱས་ཏེ་ཀྲུང་གོ་གཅིག་གི་གཞི་སྒྲོམ་ཐུན་མོང་གི་ངེས་ཤེས་སྲུང་སྐྱོང་ཇེ་ཆེར་བྱེད་པའི་རྨང་གཞི་འདིའི་ཐོག་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་དགོས། ཐའེ་དབན་གྱི་སྲིད་ཏང་ཅི་འདྲ་ཞིག་ཡིན་ཡང་“ཐའེ་དབན་རང་བཙན”གྱི་འདོད་ཚུལ་མི་འཛིན་པ་དང་ཀྲུང་གོ་གཅིག་ལས་མེད་པ་ངོས་འཛིན་གཅིག་མཐུན་བྱས་ཕྱིན་ང་ཚོས་ཁོང་ཚོ་དང་འགྲོ་འོང་དང་། གྲོས་མོལ། མཉམ་ལས་བཅས་གང་ཡང་བྱེད་འདོད་ཡོད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ང་ཚོས་མཚོ་འགག་ངོགས་གཉིས་དང་སྤེལ་རེས་མཉམ་ལས་ཁྱབ་སྤེལ་རྒྱུན་འཁྱོངས་བྱ་དགོས།དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཐུན་མོང་གི་ཁེ་ཕན་ཆེན་པོ་དོན་གཉེར་བྱ་དགོས། རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཇེ་ཆེར་གཏོང་དགོས།མི་དམངས་འགྲོ་འོང་དམ་ཟབ་བྱེད་པ་དང་། སྤུན་ཟླའི་བརྩེ་དུང་འགྲིག་མཐུན་ཡོང་བར་བྱ་དགོས། འདྲ་མཉམ་གྱི་གྲོས་མོལ་ཡོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་སྔར་བཞིན་གཅིག་གྱུར་མ་བྱུང་བའི་དམིགས་བསལ་གནས་ཚུལ་འོག་མཚོ་འགག་ངོགས་གཉིས་པོའི་ཆབ་སྲིད་འབྲེལ་བར་ཞིབ་དཔྱད་བྱས་ཏེ་ལུགས་དང་མཐུན་པའི་བཀོད་སྒྲིག་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་དམག་དོན་བདེ་འཇགས་ཡིད་རྟོན་བྱེད་རེས་ཀྱི་ལམ་སྲོལ་གྲོས་མོལ་བྱས་ཏེ་ཐའེ་དབན་མཚོ་འགག་གི་གནས་བབ་བརྟན་ལྷིང་ཐུབ་པར་བྱེད་པ།མཚོ་འགག་ངོགས་གཉིས་ཞི་བའི་གྲོས་མཐུན་འཇོག་རྒྱུའི་གྲོས་མོལ་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་འགྲོ་བའི་མདུན་ལྗོངས་གསར་པ་གཏོད་དགོས།
        ཁོང་གིས་ད་དུང་གསུངས་དོན། ང་ཚོས་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་འབད་འཐབ་གང་ཡོང་བྱ་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་གཅིག་ཏུ་གཏོགས་ཤིང་།ཁྲག་རྒྱུན་མཉམ་འདྲེས་ཀྱི་ལས་དབང་གཅིག་འདྲའི་ཕུང་པོ་ཡིན་སྟབས་ཕན་ཚུན་དགའ་ཞེན་དང་ཡིད་ཆེས་བྱ་དགོས་ངེས་ཡིན་པ་དང་། ཐུན་མོང་ཐོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བར་སྐུལ་སྤེལ་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་བདེ་རྩར་ཕན་པའི་བྱ་བ་ཡིན་ཕྱིན་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཡག་པོ་བསྒྲུབ་ངེས་ཡིན། ང་ཚོས་སྤུན་ཟླ་ཐའེ་དབན་བའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོར་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན།ང་ཚོས“ཐའེ་དབན་རང་བཙན”གྱི་ཁ་བྲལ་སྟོང་བསམ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཀྲུང་གོའི་མི་དམངས་ཀྱིས་མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་དེར་ཐབས་ཤེས་གང་རུང་གི་ཐོག་ནས་ཐའེ་དབན་མེས་རྒྱལ་དང་ཁ་ཕྲལ་གཏོང་དུ་གཏན་ནས་འཇུག་གི་མིན།“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་གཏོང་བ་ཡིན་པས་ཕམ་ཉེས་སུ་འགྲོ་རྒྱུ་ཉག་ཅིག་རེད།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན།ཀྲུང་ཧྭ་བུ་ཕྲུག་ཡོངས་རྫོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཕྱིན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་བརྒྱུད་རིམ་ནང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་རླབས་པོ་ཆེ་བསམ་པ་གཅིག་མཐུན་བཞིན་མངོན་འགྱུར་ཐུབ་ངེས་རེད།

        མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་ལ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་ལ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། དེང་དུས་ཀྱི་འཛམ་གླིང་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན། འཛམ་གླིང་སྣ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན་དུ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། རིག་གནས་སྣ་མང་ཅན་དང་། སྤྱི་ཚོགས་བརྡ་འཕྲིན་ཅན་དུ་བསྟུད་མར་སྐུལ་སྤེལ་དང་། ཚན་རྩལ་གསར་བརྗེ་བར་བརྒལ་གསར་པ་ཐུབ་གྲབས་ཡོད་པ།གོ་ལ་ཧྲིལ་པོའི་མཉམ་ལས་རིམ་པ་མང་ཞིང་ཕྱོགས་ཡོངས་སུ་རྒྱ་བསྐྱེད་འགྲོ་བ། ཚོང་ར་གསར་དར་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་དངོས་ཤུགས་ཇེ་ཆེར་འགྲོ་བ། རྒྱལ་སྤྱིའི་སྟོབས་ཤུགས་ཆེ་ཆུང་གི་བསྡུར་ཚད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་ཕན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ། རྒྱལ་སྤྱིའི་གནས་བབ་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བར་ཕན་ཆ་ལྡན་པའི་ཆ་རྐྱེན་སྔར་ལས་མང་པོ་རྒྱུན་འཛིན་ཐུབ་ཡོད།
        ཧུའུ་ཅིན་ཐའོ་ཡིས་བསྟན་གནང་དོན། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པས་རྒྱལ་ཁབ་ཁག་ཚང་མ་འཛམ་གླིང་གཅིག་ཏུ་འཚོ་བཞིན་ཡོད། འབུ་ཆེས་ཆུང་ཟོས་བྱེད་ཚུལ་ནི་མིའི་རིགས་མཉམ་གནས་ཡོང་བའི་གནས་ལུགས་ཤིག་མིན་ཞིང་། དམག་ཞེན་འཁྲུག་སློང་གིས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཡོང་ཐབས་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་པོ་བསྟན་ཡོད། ཞི་བདེ་ལས་དམག་འཁྲུག་མི་དགོས་པ་དང་། འཕེལ་རྒྱལ་ལས་དབུལ་ཕོངས་མི་དགོས་པ། མཉམ་ལས་མ་གཏོགས་ཁ་གཏད་དུ་མི་ལངས་པར། ཞི་བདེ་རྒྱུན་མཐུད་དང་། མཉམ་དུ་དར་རྒྱས་ཡོང་བའི་འཆམ་མཐུན་གྱི་འཛམ་གླིང་ཞིག་ལེགས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་གི་འདོད་བློ་རེད། ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཡིད་རྟོན་འདྲ་མཉམ་དང་། ཕན་ཚུན་བསླབ་བྱ་ལེན་རེས། མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད།
        ཁོང་གིས་བསྟན་གནང་དོན། ཀྲུང་གོས་མུ་མཐུད་དེ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས།མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་སྐུལ་སྤེལ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་བློ་རྩ་བརྟན་པོས་ལག་བསྟར་བྱ་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས།འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་འདྲ་ཞིག་ལའང་གཏན་ནས་མགོ་མི་སྒུར། ང་ཚོས་དོན་དག་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་གཞིར་བཟུང་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱས་ནས་དྲང་བདེན་རྒྱུན་འཛིན་དང་དྲང་གཞག་ཆེར་སྤེལ་དང་། ཀྲུང་གོས་རྒྱལ་སྤྱིའི་རྩོད་གཞི་དང་རྟག་གླེང་གནད་དོན་ཞི་བས་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་པ། རྟག་པར་དྲག་ཤུགས་ལ་བརྟེན་པའམ་དྲག་ཤུགས་ཀྱིས་གཞན་ལ་འཇིགས་སྐྲག་སྐུལ་བར་ངོ་རྒོལ་དང་། རྒྱལ་ཁབ་གཞན་གྱི་ཁྲིམས་མཐུན་སྲིད་དབང་རྩ་སློག་གཏོང་བར་ངོ་རྒོལ། རྣམ་པ་གང་ཡིན་གྱི་འཇིགས་སྐུལ་རིང་ལུགས་ཐམས་ཅད་ལ་ངོ་རྒོལ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་རྣམ་པ་སྣ་ཚོགས་ལ་ངོ་རྒོལ་དང་། ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་དང་ནམ་ཡང་རྒྱ་བསྐྱེད་མི་གཏོང་། ཀྲུང་གོས་ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔར་ལས་དགེ་མཚན་ལྡན་པའི་ངང་ཚུལ་ཐོག་ནས་རྒྱལ་སྤྱིའི་ལས་དོན་སྣ་ཚོགས་སུ་ཞུགས་རྒྱུ་དང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེ་མོ་ཞིག་གི་ནུས་པ་འདོན་སྤེལ།སའི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་བ་བཅས་བྱ་རྒྱུ་ཡིན།
        ཁོང་གིས་ད་དུང་ནན་གསུངས་གནང་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་འགྱུར་མེད་བྱ་རྒྱུ<<>