བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

   ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན། (གནད་བསྡུས)


        སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་བཟོ་རྒྱུ་མགྱོ གས་སུ་གཏོང་བ་དང་དཔལ་འབྱོར་སྤེལ་སྟངས་བསྒྱུར་རྒྱུ་མགྱོགས་སུ་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ11ཚེས8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་བཟོ་རྒྱུ་མགྱོ གས་སུ་གཏོང་བ་དང་དཔལ་འབྱོར་སྤེལ་སྟངས་བསྒྱུར་རྒྱུ་མགྱོ གས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་གཙོ་གནད་ཡིན་པ་དང་། འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་འགག་རྩ་རེད། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ན་མ་གཏོགས་རྒྱལ་ཁབ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་གནས་བཅས་ཡོང་བའི་དངོས་པོའི་རྨང་གཞི་བརྟན་པོ་འདིང་མི་ཐུབ་པས། འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་ཡིན་པའི་འཐབ་ཇུས་ཀྱི་བསམ་བློ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། 
        དེང་རབས་ཀྱི་ཀྲུང་གོར་འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་ཡིན་པ་མཐའ་འཁྱོངས་བྱ་རྒྱུའི་ངོ་བོའི་བླང་བྱ་ནི་ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱ་དགོས་པ་དེ་རེད། ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོ གས་སུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གདམ་ག་རེད། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མྱུར་ཆགས་པར་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་དེ་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐོག་བསྒྱུར་བ། ཚོང་ར་རིགས་ཁག་གི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་གཏོང་བའི་སྐྱེ་སྟོབས་གསར་པ་འཕེལ་གང་ཐུབ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཇེ་ཆེར་གཏོང་བར་ཤུགས་སྣོན། དེང་རབས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་ལག་གསར་པ་འཛུགས་ཤུགས་ཆེར་གཏོང་བ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྱད་ཡོན་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུན་རིང་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ཟམ་མི་ཆད་པར་ཇེ་ཆེར་གཏོང་དགོས།
        ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་དང་། བརྡ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་འགྱུར་བའི་འགྲོ་ལམ་གསར་པར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། བརྡ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་བསྲེག་གཏིང་ཟབ། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དགེ་མཚན་ལྡན་པར་མཉམ་འགུལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་ཕན་ཚུན་མཐུན་འགྲིག་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཅན་དང་། བརྡ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་བགྲོད་དུ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱ་དགོས།
        གཅིག་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་བའི་འགག་རྩ་ཡིན། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་སྲོག་ཤིང་གི་གནད་དོན་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན་ཞིང་། ཚོང་རའི་ཆོས་ཉིད་ལ་ངེས་པར་དུ་བརྩི་འཇོག་སྔར་ལས་ལྷག་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་དགོས། སྤྱི་ལ་དབང་བའི་དཔལ་འབྱོར་འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་མངོན་འགྱུར་བྱེད་ཐབས་སྣ་མང་སྤེལ་བ། རྒྱལ་ཁབ་ལ་དབང་བའི་མ་རྩ་སྔར་ལས་མང་པོ་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩར་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་གསོན་ཤུགས་དང་། ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་མི་ཆད་པར་ཇེ་ཆེར་གཏོང་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་གོང་དུ་འཕེལ་བར་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་ཁྲིམས་ལྟར་འདྲ་མཉམ་ཐོག་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པ་དང་། དྲང་གཞག་ཐོག་ཚོང་རའི་འགྲན་རྩོད་ནང་ཞུགས་པ། འདྲ་མཚུངས་ཐོག་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་ཐོབ་པ་བཅས་ཀྱི་འགན་ལེན་བྱ་དགོས། དེང་རབས་ཀྱི་ཚོང་རའི་མ་ལག་འཐུས་ཚང་བཙུགས་ནས། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཇེ་མགྱོ གས་སུ་གཏོང་བ་དང་། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་བྱེད་སྟངས་འཐུས་ཚང་དུ་བཏང་ནས། དངུལ་རྩ་གསར་གཏོད་ལ་སྐུལ་སྤེལ་གཏོང་བ་དང་། དངུལ་རྩའི་གཏན་འཇགས་ཡོང་བར་བྱ་དགོས།
        གཉིས་ནས་གསར་གཏོད་ཀྱིས་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་རྒྱལ་ཁབ་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་ལྟེ་གནས་སུ་འཇོག་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱའི་ཐོག་ནས་གསར་གཏོད་ཀྱི་ཇུས་འགོད་དང་སྐུལ་འདེད་གཏོང་བ། ཐོག་མ་རང་ཉིད་ཀྱི་གསར་གཏོད་བྱེད་ནུས་དང་། གཅིག་བསྡུས་ཀྱི་གསར་གཏོད་བྱེད་ནུས། ནང་འདྲེན་དང་ཁོང་ཆུད་དང་བསྡུ་ལེན་བཅས་བྱས་རྗེས་སླར་ཡང་གསར་གཏོད་བྱེད་ནུས་བཅས་ཇེ་ཆེར་ཇེ་ཆེར་གཏོང་བ། མཉམ་ལས་ཀྱིས་གསར་སྐྲུན་བྱེད་པར་སྔར་བས་དོ་སྣང་ཆེན་པོ་བྱ་དགོས། ཚན་རྩལ་སྒྲིག་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བ། ཁེ་ལས་ཀྱི་གྲུབ་ཆ་གཙོ་བོར་བྱེད་པ་དང་། ཚོང་ར་ཕྱོགས་སྟོན་དུ་འཛིན་པ། ཐོན་སྐྱེད་སློབ་སྦྱོང་ཞིབ་འཇུག་གསུམ་ཟུང་འབྲེལ་བྱེད་པ་བཅས་ཀྱི་ལག་རྩལ་གསར་གཏོད་མ་ལག་ཤུགས་ཆེན་པོས་འཛུགས་གཉེར་བྱེད་དགོས། ཤེས་བྱ་གསར་གཏོད་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་གཙོ་གནད་ཆེ་བའི་ཆེད་གཉེར་རྣམ་གྲངས་ལག་བསྟར་བྱས་ནས། ཤེས་བྱའི་ཐོན་དངོས་བདག་དབང་གི་འཐབ་ཇུས་ལག་བསྟར་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གསར་གཏོད་དང་གོང་སྤེལ་ཐོག་ཏུ་གོང་བུར་བསྒྲིལ་དགོས།
        གསུམ་ནས་དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། དེ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་གོམ་སྟབས་ཇེ་མགྱོ གས་སུ་གཏོང་གནད་ཀྱི་ཁ་ཕྱོགས་ཤིག་ཡིན་པས། དགོས་མཁོའི་གྲུབ་ཚུལ་ལེགས་བཅོས་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་འགྱུར། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་ངེས་པར་དུ་གཙོ་གནད་དུ་བཟུང་སྟེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་བཀག་འགོག་བྱེད་པའི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་གཙོ་གནད་ཅན་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། ནང་མཁོ་རྒྱ་བསྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་སྟངས་འཛིན་དམ་པོར་བྱས་ཐོག འཛད་སྤྱོད་ཀྱི་དགོས་མཁོ་རྒྱ་བསྐྱེད་གཏོང་བའི་ཕུགས་ཕན་ལམ་སྲོལ་གང་མགྱོ གས་འཛུགས་པ་དང་། རྒྱལ་ནང་གི་ཚོང་རའི་གཞི་ཁྱོན་རྒྱ་བསྐྱེད་གཏོང་བ་བཅས་བྱ་དགོས། དངོས་གཞིའི་དཔལ་འབྱོར་གོང་དུ་སྤེལ་རྒྱུའི་རྨང་གཞི་བརྟན་པོ་འདི་སྟངས་འཛིན་དམ་པོ་བྱས་ཐོག དངོས་གཞིའི་དཔལ་འབྱོར་གོང་དུ་འཕེལ་བར་སྔར་བས་ཕན་ཐོགས་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་མགྱོ གས་སུ་གཏོང་བ། ཞབས་ཞུའི་ལས་རིགས་སྤྱི་དང་ལྷག་པར་དུ་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ཁེ་ལས་ཆེ་འབྲིང་གྲས་ཀྱི་རྐང་འཛིན་འགྲན་བརྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་ཆུང་གྲས་སྤྱི་དང་ལྷག་པར་དུ་ཚན་རྩལ་ཅན་གྱི་ཁེ་ལས་ཤིན་ཏུ་ཆུང་གྲས་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱ་དགོས། ས་ཁོངས་གོང་སྤེལ་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། ས་ཁུལ་ཁག་གི་བསྡུར་ལྡན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཇེ་མགྱོ གས་སུ་གཏོང་བ་དང་། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་མིར་འགྱུར་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁེབས་པའི་མངོན་འགྱུར་གང་ཐུབ་བཅས་བྱ་དགོས།
        བཞི་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཞིང་པ་བཅས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ལས་དོན་ཁྲོད་ནས་གལ་ཆེའི་ནང་གི་དོན་ཆེན་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བར་བྱ་རྒྱུ་ནི“ཞིང་གསུམ”གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡིན། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་ཤུགས་གཅིག་གྱུར་གྱིས་འཆར་སྒོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་གོང་དུ་འཕེལ་བའི་གསོན་ཤུགས་ཇེ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། རྒྱ་ཆེའི་ཞིང་པ་འདྲ་མཉམ་ཐོག་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་སུ་འཇུག་པ་དང་། མཉམ་དུ་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། དེང་རབས་ཀྱི་ཞིང་ལས་འཕལ་རྒྱས་ཇེ་མགྱོ གས་སུ་གཏོང་བ་དང་། ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་བྱེད་ནུས་ཇེ་ཆེར་བཏང་སྟེ། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་དང་ཞིང་ལས་ཐོན་རྫས་གལ་ཆེན་འདོན་སྤྲོད་ནུས་ལྡན་བྱེད་པར་འགན་ལེན་བྱ་དགོས། ཞིང་གྲོང་གསར་པ་འཛུགས་སྐྲུན་དང་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གང་ཐུབ་བྱས་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་མགྱོ གས་ཙམ་ཡོང་བ་མཐའ་འཁྱོངས་བྱ་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། ཞིབ་བསྡུས་ཅན་དང་། ཆེད་ལས་ཅན། རྩ་འཛུགས་ཅན། སྤྱི་ཚོགས་ཅན་བཅས་ཕན་ཚུལ་ཟུང་འབྲེལ་བྱེད་པའི་ཞིང་ལས་གཉེར་སྐྱོར་མ་ལག་གསར་པ་འཛུགས་གཉེར་བྱ་དགོས། ས་ཞིང་བསྡུ་ལེན་ལམ་ལུགས་སྒྱུར་བཅོས་བྱས་ཏེ། ས་ཞིང་གི་གནས་ཐང་འཕར་སྣོན་བྱུང་བའི་ཁེ་ཕན་ཁྲོད་ཀྱི་ཞིང་པའི་བགོ་བཤའི་བསྡུར་ཚད་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་རིམ་གཞི་གཅིག་ཅན་དུ་འགྱུར་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ཐོག་བརྗེ་རེས་དང་སྤྱི་པའི་ཐོན་ཁུངས་བགོ་སྒྲིག་དོ་མཉམ་བྱེད་པར་སྐུལ་འདེད་གཏོང་བ། བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པ། བཟོ་ལས་དང་ཞིང་ལས་ཕན་ཚུལ་གཉིས་ཕན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བ་བཅས་ཀྱི་བཟོ་ཞིང་བར་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་གསར་པ་ཆགས་པར་བྱ་དགོས།
        ལྔ་ནས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏོང་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གནས་བབ་གསར་པ་དང་འཚམ་པར་བྱེད་ན། སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ངེས་པར་དུ་ལག་བསྟར་བྱེད་པ་དང་། གཉིས་ཕན་མཉམ་རྒྱས་དང་། རྒྱུ་མང་དོ་མཉམ། ཉེན་མེད་ཆོད་ཆེ་བཅས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་འཐུས་ཚང་དུ་གཏོང་དགོས། ཕྱི་ཕྱོགས་སུ་དཔལ་འབྱོར་གོང་དུ་སྤེལ་སྟངས་བསྒྱུར་བ་ཇེ་མགྱོ གས་སུ་གཏོང་བ་དང་། སྒོ་འབྱེད་པ་དེ་གྲུབ་ཚུལ་ལེགས་སྒྱུར་དང་། ཟབ་ཚད་རྒྱ་བསྐྱེད། ཕན་འབྲས་ཇེ་ཆེར་གཏོང་བ་བཅས་ཀྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་སྟངས་གསར་གཏོད་བྱས་ཏེ། ཕྱི་དངུལ་བོད་སྤྱོད་བྱེད་པའི་ཕྱོགས་བསྡུས་ཀྱི་དགེ་མཚན་དང་སྤྱི་ཡོངས་ཀྱི་ཕན་ཁེ་ཇེ་ཆེར་བཏང་སྟེ། མ་དངུལ་ནང་འདྲེན་དང་། ལག་རྩལ་ནང་འདྲེན། བློ་རིག་ནང་འདྲེན་བཅས་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་རུ་སྐྱོད་པའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་ནས། ཕྱོགས་གཉིས་དང་། ཕྱོགས་མང་དང་། ས་ཁོངས་དང་ས་ཁོངས་ཕལ་པ་བཅས་སྒོ་འབྱེད་མཉམ་ལས་བྱ་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་གང་མགྱོ གས་བྱེད་པ། ཉེ་འཁོར་རྒྱལ་ཁབ་དང་སྦྲེལ་རེས་མཉམ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དཔལ་འབྱོར་ཉེན་ཁ་འགོག་ནུས་ཇེ་ཆེར་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་བཅངས་ཏེ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་མྱུར་ཚད་ཇེ་མགྱོ གས་སུ་གཏོང་བའི་འཐབ་འཛིང་ཛ་དྲག་ཅན་འདི་ལས་རྣམ་པར་རྒྱལ་བར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་དང་འགྲན་རྩོད་ནུས་ཤུགས་ཆུ་ཚད་གསར་པར་སླེབས་པར་བྱ་དགོས།


        སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྤེལ་བྱེད་པ།
        ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིན་ནས་ཟླ་11པའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་གསུངས་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྤེལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། རིག་གནས་ནི་མི་རིགས་ཀྱི་ཁྲག་རྩ་ལྟ་བུ་དང་མི་དམངས་ཀྱི་བསམ་པའི་ཁྱིམ་གཞིས་ཡིན། འབྱོར་འབྲིང་གི་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེ་མངོན་འགྱུར་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་མཐོ་རླབས་གསར་པ་འཕྱུར་བ་དང་རྒྱལ་ཁབ་ཀྱི་རིག་གནས་མངོན་མེད་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། རིག་གནས་ཀྱིས་དར་སྲོལ་གྱི་སྣེ་ཁྲིད་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ།འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན།སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་ངེས་པར་བསྐྱོད་དགོས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས། དོན་དངོས་དང་འཚོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་བའི་རྩ་དོན་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཅས་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་མི་རིགས་དང་ཚན་རིག་མང་ཚོགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུང་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་གནད་འགག་ནི་དམངས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ།རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་གཏོང་བ་བཅས་བྱས་ཏེ། མི་དམངས་ལ་རིག་གནས་ཀྱི་གར་སྟེགས་ཡངས་པོ་འདོན་སྤྲོད་དང་རིག་གནས་གསར་གཏོད་ཀྱི་ཆུ་འགོ་ཡོད་ཚད་ཀློང་དུ་བརྡོལ་ཞིང་དམངས་ཡོངས་ཀྱི་རིག་གནས་གསར་གཏོད་བྱེད་པའི་གསོན་ཤུགས་རྒྱུན་མཐུད་ངང་མཆེད་པ། སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་སྔར་ལས་གྲ་རྒྱས་ཕུན་སུམ་ཚོགས་པ། མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་སྔར་ལས་འགན་སྲུང་གང་ལེགས་ཐོབ་པ། མི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་བཅས་ཀྱི་རྣམ་པ་གསར་པ་གཏོད་དགོས།
        གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་གྱི་སྣེ་ཁྲིད་དང་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་མཉམ་སྒྲིལ་བྱ་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་བཅས་སུ་སྐུལ་སྤེལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གཞུང་མ་ལག་གིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སེམས་ནང་དུ་འཇགས་པ་བཅས་ཡོང་བར་བྱ་དགོས། ཕུགས་འདུན་དང་དད་སེམས་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ནས་རྒྱ་ཆེའི་མི་དམངས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེའི་འོག་ཏུ་མཐུན་སྒྲིལ་གོང་བུར་འགྲིལ་བར་བྱ་དགོས། མི་རིགས་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། མི་དམངས་ཀྱི་སེམས་ཁམས་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་དར་སྤེལ་གཏོང་བ་དང་། རང་མོས་དང་འདྲ་མཉམ། དྲང་གཞག  ཁྲིམས་སྐྱོང་བཅས་དར་སྤེལ་གཏོང་བ། རྒྱལ་གཅེས་དང་ལས་སྤྲོ། ཡིད་རྟོན། མཛའ་མཐུན་བཅས་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཧུར་ཐག་བྱ་དགོས།
        གཉིས་ནས་སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་འབྲེལ་བྱེད་ཅིང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་རྒྱུད་སྤྱོད་བཟང་། སྒེར་གྱི་སྤྱོད་ལམ་བཅས་ཀྱི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་གི་ལས་གཞིར་སྐུལ་སྤེལ་དང་། བདེན་ལེགས་མཛེས་གསུམ་དར་སྤེལ་དང་རྫུན་ངན་སྐྱུག་བྲོ་གསུམ་དམའ་འབྱིན་ཁ་བརྡུངས་བཏང་ནས་མི་རྣམས་ཀྱིས་རང་འགུལ་དང་ཁྲིམས་བཀོད་འགན་འཁྲི་དང་། སྤྱི་ཚོགས་ཀྱི་འགན་འཁྲི། ཁྱིམ་ཚང་གི་འགན་འཁྲི་བཅས་སྒྲུབ་པའི་ཁྲིད་སྟོན་བྱས་ཏེ། ངལ་རྩོལ་གཟི་བརྗིད་ལྡན་ཞིང་གསར་གཏོད་རླབས་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཏོད་པ་དང་། ཁྲེལ་གྲགས་ཤེས་པ་དང་སྤྱོད་བཟང་ལ་དང་དོད། བྱས་རྗེས་འཇོག་པ། འཆམ་མཐུན་ཡོང་བར་བྱེད་པ་བཅས་ཀྱི་དར་སྲོལ་བཟང་པོ་སྐྱེད་སྲིང་བྱ་དགོས། ཀུན་སྤྱོད་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་སྐོར་གྱི་ཆེད་དོན་སློབ་གསོ་དང་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། སྲིད་དོན་ཡིད་རྟོན་དང་། ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། ཁྲིམས་འཛིན་ཡིད་ཆེས་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་ལེགས་བཅོས་དང་།མི་ཚོས་སེམས་ཁུར་དང་སེམས་གསོ་གཏོང་བར་དོ་སྣང་། མང་ཚོགས་ཀྱི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་གསར་སྤེལ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་དང་བླངས་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་ཏེ། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དང་ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་རྒྱུན་ལྡན་ཅན་དུ་འགྱུར་བར་བྱ་དགོས།
        གསུམ་ནས་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། མི་དམངས་ཀྱི་ལྟེ་བར་གྱུར་བའི་གསར་གཏོད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རིག་གནས་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་བཏང་ནས་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་སྔར་ལས་ལེགས་ཤིང་མང་པོ་འདོན་སྤྲོད་བྱ་དགོས། གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་ཀྱི་དམངས་ཕན་ལས་གཞི་གཙོ་གནད་ལ་སྐུལ་སྤེལ་གང་མགྱོ གས་གཏོང་བ་དང་། གྲོང་ཚོ་དང་དར་རྒྱས་ཞན་ཁུལ་དུ་རིག་གནས་དར་སྤེལ་གཏོང་རོགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དེ་སྤྱི་ཚོགས་ཐོག་རིན་པ་མི་ལེན་པར་སྒོ་འབྱེད་པར་མུ་མཐུད་སྐུལ་སྤེལ་བཅས་གཏོང་དགོས། སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་བྱེད་པའི་མ་ལག་བཙུགས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱིས་ཡོངས་སུ་སྤྱོད་པའི་སྐད་དང་ཡི་གེ་ཁྱབ་སྤེལ་དང་ཚད་ལྡན་བཟོ་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་གཏོང་དགོས། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་ཏེ། དྲ་སྦྲེལ་གྱི་ནང་དོན་དར་རྒྱས་གཏོང་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དྲ་ཐོག་ཏུ་བརྗོད་གཞི་གཙོ་བོ་དར་སྤེལ་གཏོང་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱ་དགོས། 
        བཞི་ནས་རིག་གནས་ཀྱི་དངོས་ཡོད་སྟོབས་ཤུགས་དང་འགྲན་རྩོད་སྟོབས་ཤུགས་ཧྲིལ་པོ་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོ་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་རིག་གནས་བྱ་གཞག་ཁྱོན་ཡོངས་ནས་དར་རྒྱས་དང་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོ གས་པོ་ཡོང་བར་བྱ་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་བཅས་ཀྱི་ལས་དོན་འཕེལ་རྒྱས་གཏོང་དགོས། སྤྱི་པའི་རིག་གནས་ལས་གཞི་དང་རིག་གནས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཡོང་བ་དང་དཔེ་གསར་ཅན་གྱི་རིག་གནས་རྣམ་པ་འཕེལ་རྒྱས་བཏང་ནས། རིག་གནས་ཀྱི་ཐོན་ལས་གཞི་ཁྱོན་ཅན་དང་ཞིབ་ལས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། དེང་རབས་ཀྱི་འགྲེམས་སྤེལ་མ་ལག་འཛུགས་པ་དང་འཕེལ་རྒྱས་བཏང་སྟེ། འགྲེམས་སྤེལ་ནུས་པ་ཇེ་ཆེར་གཏོང་དགོས། རིག་གནས་ཁྱབ་ཁོངས་ཀྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་ཕུལ་དུ་བྱུང་བའི་རིག་གནས་གྲུབ་འབྲས་བསྡུ་ལེན་དང་དཔྱད་གཞིར་འཛིན་གང་ཐུབ་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ང་ཚོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་མདུན་དུ་སྐྱོད་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རིག་གནས་རང་རྟོགས་དང་རིག་གནས་ཡིད་ཆེས་ཀྱི་བསམ་པ་ཆེན་པོ་བཅངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་དམིགས་འབེན་རླབས་པོ་ཆེའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དགོས།


        དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་གཏོད་ཀྱི་ཁྲོད་ནས་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ།བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་གཏོད་ཀྱི་ཁྲོད་ནས་སྤྱི་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན།སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བའི་ཁག་ཐེག་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་མཐོ་ཚད་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ངེས་པར་གཙོ་གནད་དུ་འཛིན་དགོས། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྩ་བའི་དམིགས་ཡུལ་ཡིན། དམངས་འཚོར་ཕན་པ་གང་ཞིག་དོན་གཉེར་མང་དུ་བྱེད་པ་དང་། དམངས་འཚོའི་ཐད་ཀྱི་སེམས་ཁྲལ་མང་དུ་སེལ་བ། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་ཅིང་ཆེས་ཐད་ཀ་དང་ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས་ཤིང་།སློབ་པར་འཁྲིད་མཁན་ཡོད་པ་དང་། རྩོལ་བར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ།རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་ལ་རྒྱུན་མཐུད་དུ་ཡར་རྒྱས་ཇེ་ཆེར་བྱུང་སྟེ་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོར་རོལ་དུ་འཇུག་གང་ཐུབ་བྱ་དགོས། ཁོང་གིས་ནན་གསུངས་གནང་དོན། སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་གཏོང་ཚད་ངེས་པར་དུ་མགྱོགས་སུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དོ་དམ་མ་ལག་འཛུགས་སྐྱོང་བྱེད་པར་དམིགས་ནས།ཏང་ཨུད་ཀྱི་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས།མང་ཚོགས་ཞུགས་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ་བཅས་ཀྱི་སྤྱི་ཚགས་དོ་དམ་སྒྲིག་སྲོལ་གང་མགྱོགས་ཆགས་པར་བྱ་དགོས་པ་དང་། སྲིད་གཞུང་གིས་གཙོ་འཁྲིད་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་གང་མགྱོགས་ཆགས་པ། སྲིད་གཞུང་དང་སྤྱི་ཚོགས་རྩ་འཛུགས་ལོགས་འབྱེད་དང་། དབང་ཆ་དང་འགན་འཁྲི་ངེས་གསལ།བཅའ་ཁྲིམས་ལྟར་རང་སྐྱོང་བྱེད་པ་བཅས་ཀྱི་དེང་རབས་སྤྱི་ཚོགས་རྩ་འཛུགས་ཀྱི་སྒྲིག་སྲོལ་གང་མགྱོགས་་ཆགས་པ། ཁུངས་རྩ་ནས་བཅོས་སྐྱོང་དང་། འགུལ་རྣམ་དོ་དམ། འཕྲལ་བསྟུན་ཐག་གཅོད་བཅས་མཉམ་དུ་བསྡེབས་པའི་སྤྱི་ཚོགས་དོ་དམ་ལམ་སྲོལ་གང་མགྱོགས་ཆགས་པ་བཅས་བྱ་དགོས།
        གཅིག་ནས་མི་དམངས་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་སྒྲུབ་གང་ཐུབ་བྱ་དགོས། སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་གཞི་ཡིན་པས་སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱ་དགོས་ཤིང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། སློབ་གསོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས། སྤྱོད་བཟང་དང་མི་བཟང་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་འཛིན་པ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་སྦྱོང་།མཛེས་དཔྱོད་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་དགོས།བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་དང་།སློབ་གསོའི་ཁྱབ་ཁོངས་སུ་ཕྱོགས་བསྡུས་སྒྱུར་བཅོས་ཟ