རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན། (གནད་བསྡུས)
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
ཧུའུ་ཅིན་ཐའོ་ཡིས་གསུངས་དོན། འགྲོ་ལམ་ནི་ཏང་གི་སྲོག་རྩ་དང་། རྒྱལ་ཁབ་ཀྱི་མདུན་ལམ། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་ལ་ཐུག་ཡོད། དཔལ་འབྱོར་དང་རིག་གནས་ཧ་ཅང་རྗེས་ལུས་ཐེབས་པའི་ཀྲུང་གོའི་རྒྱལ་ཁབ་ཏུ་མི་རིགས་བསྐྱར་དར་ཡོང་ལམ་འཚོལ་ཞིབ་བྱ་རྒྱུ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ལས་འགན་ཞིག་རེད། ལོ་ངོ་དགུ་བཅུ་ལྷག་ཙམ་རིང་དུ་ང་ཚོའི་ཏང་གིས་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དག་དང་ཟུང་འབྲེལ་བྱས་ཐོག་རང་ཚུགས་རང་བདག་གིས་རང་ཉིད་ཀྱི་འགྲོ་ལམ་ཐོག་བསྐྱོད་ཅིང་། དཀའ་སྡུག་ཚད་མེད་མྱོང་བ་དང་རིན་དོད་སྣ་ཚོགས་བཏང་མཐར་གསར་བརྗེ་དང་འཛུགས་སྐྲུན་བསྒྱུར་བཅོས་བཅས་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་རྩ་བའི་ཐོག་ནས་འགྱུར་ལྡོག་གཏོང་ཐུབ་པ་བྱུང་བ་རེད།
བློ་མཐུན་མའོ་ཙེ་ཏང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་མི་རབས་དང་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་ལེགས་སྒྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་གནང་བས། ཀྲུང་གོའི་ལོ་རྒྱུས་ཐོག་སྤྱི་ཚོགས་འཕོ་འགྱུར་གཏིང་ཟབ་ཤོས་དང་རླབས་ཆེ་ཤོས་ལམ་ལྷོངས་མངོན་འགྱུར་བྱུང་བས་དེང་རབས་ཀྱི་ཀྲུང་གོ་གོང་སྤེལ་ཡར་རྒྱས་གཏོང་བའི་བྱ་བ་མཐའ་དག་ལ་ཆབ་སྲིད་ཀྱི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད། འཚོལ་ཞིབ་བྱེད་རིང་ཀྱག་ཀྱོག་ཚབས་ཆེན་བརྒྱུད་མྱོང་ཡང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིམ་ཏང་གིས་གསར་གཏོད་རང་བཞིན་ལྡན་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་གྲུབ་འབྲས་ཆེན་པོ་བླངས་པས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་བྱེད་པར་ཉམས་མྱོང་རྩ་ཆེན་དང་། གཞུང་ལུགས་ཐོག་གི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས་ཡོད།
བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་མི་རབས་གཉིས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིའི་མེ་ལོང་དུ་བཟུང་མཐར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་བ་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་སུ་བསྒྱུར་རྒྱུ་དང་། བསྒྱུར་བཅོས་སྒོ་འབྱེད་ལག་ལེན་བསྟར་རྒྱུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཇུས་ཐག་བཅད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་དཔྱིས་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ།རང་ཉིད་ཀྱི་འགྲོ་ལམ་ཐོག་ཏུ་བསྐྱོད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་གསལ་བཏོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུར་ཐུག་པའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་གི་ཐོག་ནས་ལན་འདེབས་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལྷོངས་ངང་བཏོད་པ་རེད།
བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་མི་རབས་གསུམ་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བའི་ཉམས་སད་དྲག་པོ་ཐུག་སྐབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་བྱས་པ་དང་། ལག་ལེན་གསར་པར་གཞིགས་ཏེ་ཏང་གི་རྩ་བའི་རྩ་འཛིན་དང་གཞི་རྩའི་ཉམས་མྱོང་གཏན་འཁེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་དམིགས་ཡུལ་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ།སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་གཏན་འཁེལ།ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་པ།ཏང་འཛུགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་ལམ་ལྷོངས་ངང་སྤེལ་བ་བཅས་བྱས་ཡོད།
དུས་རབས་གསར་པ་དང་དུས་རིམ་གསར་པའི་ནང་། ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་དུས་བཟང་དམ་འཛིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིང་ནང་ལག་ལེན་གསར་གཏོད་དང་། གཞུང་ལུགས་གསར་གཏོད།ལམ་ལུགས་གསར་གཏོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་གཙོ་བོར་འཛིན་རྒྱུ་དང་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་ནན་བཤད། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ་དང་། སྐྱེ་ཁམས་དཔལ་ཡོན་ལེགས་སྤེལ་བྱེད་ཚད་མགྱོགས་སུ་གཏོང་རྒྱུའི་ནན་བཤད་བྱས་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་བཀོད་པ་ཆགས་པར་བྱས་པ།དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཤུགས་རྒྱག་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བ་བྱེད་པ། འཆམ་མཐུན་གྱི་འཛམ་གླིང་ལེགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་སྔོན་ཐོན་རང་བཞིན་འཛིན་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལྷོངས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ཡོད།
ཧུའུ་ཅིན་ཐའོ་ཡིས་གསུངས་དོན། བསྒྱུར་བཅོས་སྒོ་འབྱེད་ལོ་ངོ་སུམ་ཅུ་ལྷག་ཙམ་བྱེད་རིང་ཐོག་མཐའ་བར་གསུམ་དུ་གཅིག་བརྗེ་གཉིས་མཐུད་ཀྱིས་འཚོལ་ཞིབ་བྱེད་པའི་ཁྲོད་དུ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་བློ་བརྟན་འགྱུར་མེད་ཀྱིས་མཐོན་པོར་བསྒྲེངས་ཤིང་། ཕྱི་བཀག་ནང་སྡོམ་གྱི་འགྲོ་ལམ་རྙིང་པའི་སྟེང་དུ་ཕྱིན་མེད་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་ཕྱིན་མེད།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་དགུ་བཅུ་ལྷག་གི་རིང་འབད་འཐབ་དང་།གསར་སྐྲུན།གསོག་འཇོག་བཅས་བྱས་པའི་རྩ་བའི་གྲུབ་འབྲས་ཤིག་ཡིན་པར་བརྟེན་ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་འཛིན་དང་། སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས། རྒྱུན་ཆེད་མེད་པར་གོང་དུ་སྤེལ་བ་བཅས་བྱ་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་དང་བསྟུན་ཞིང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྲུན། མི་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ། མི་དམངས་ཡོངས་རིམ་བཞིན་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ། འབྱོར་པ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་རྒྱས་པ་དང་འཆམ་ཞིང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བཅས་བྱ་རྒྱུ་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཚུད་པའི་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཡིན་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དེ་བཞིན་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱེད་ཅིང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་མང་ཐུན་མོང་ཐོག་གོང་དུ་སྤེལ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བཅས་དང་། དེ་བཞིན་ལམ་ལུགས་དེ་དག་གི་རྨང་གཞིའི་ཐོག་བཙུགས་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་། ཆབ་སྲིད་ཀྱི་སྒྲིག་སྲོལ། རིག་གནས་ཀྱི་སྒྲིག་སྲོལ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་སོགས་ལམ་ལུགས་བྱེ་བྲག་སྣ་ཚོགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མངོན་འགྱུར་གྱི་ཐབས་ལམ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རྩ་བའི་འགན་ལེན་ཡིན་ཞིང་། ཕྱོགས་དེ་གསུམ་པོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཆེན་པོའི་ནང་གཅིག་གྱུར་བྱུང་བ་དང་། དེ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་དུས་ཡུན་རིང་པོར་བྱེད་པའི་ཁྲོད་གྲུབ་པའི་ཁྱད་ཆོས་གསལ་པོ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན་པ་དང་། ཁྱོན་ཡོངས་ཀྱི་བཀོད་པ་ནི་ཕྱོགས་ལྔ་གཞི་གཅིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་པ། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་ལ། དུས་རབས་ཀྱི་ཆ་རྐྱེན་དང་བསྟུན་ནས་དེར་ཀྲུང་གོའི་ཁྱད་ཆོས་གསལ་པོ་ལྡན་པའང་བྱས་ཤིང་། མཐོང་རྒྱ་གསར་རྐྱང་ཞིག་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པའི་ཐོག་ནས་མི་གྲངས་མང་ཞིང་རྨང་གཞི་ཞན་པའི་ཀྲུང་གོའི་འདི་བཞིན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོར་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་འཛུགས་སྐྲུན་བྱ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱ་དགོས་པའི་རྩ་བའི་གནད་དོན་འདིར་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་པས། ང་ཚོའི་རྒྱལ་ཁབ་འཕེལ་རྒྱས་མགྱོགས་པོ་ཡོང་བར་བྱས་པ་དང་རང་རྒྱལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མགྱོགས་མྱུར་ཇེ་མཐོར་ཡོང་བར་བྱས་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་རྩ་བའི་ཁ་ཕྱོགས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་འདི་ཉིད་འཕེལ་རྒྱས་གཏོང་མི་ཐུབ་པ་ར་འཕྲོད་གསལ་པོ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ལྡན་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་སྟབས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་དག་ལྡན་པའི་འཐབ་རྩོད་ཆེན་པོ་བྱ་རྒྱུ་ངེས་པར་དུ་གྲ་སྒྲིག་བྱ་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངེས་པར་དུ་འགྱུར་བ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དངོས་ཀྱི་ཁྱད་ཆོས་དང་།གཞུང་ལུགས་ཀྱི་ཁྱད་ཆོས།མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར། གཤམ་དུ་གསལ་བའི་གཞི་རྩའི་བླང་བྱ་དག་ཅིས་ཀྱང་ཁོང་དུ་བརྟན་པོར་ཆུད་པར་བྱ་དགོས་པ་མ་ཟད། དེ་ཉིད་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དད་སེམས་སུ་འགྱུར་བར་བྱ་དགོས།མི་དམངས་གྲུབ་ཆ་གཙོ་བོ་ཡིན་པའི་གནས་བབ་ངེས་པར་དུ་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་། བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས། ཐུན་མོང་དུ་ཕྱུག་པོར་འགྱུར་བའི་ལམ་བུར་བསྐྱོད་རྒྱུ་ངེས་པར་དུ་མཐའ་འཁྱོངས། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས། ཞི་བདེའི་ངང་འཕེལ་རྒྱས་ཡོང་བ་ངེས་པར་དུ་མཐའ་འཁྱོངས། ཏང་གི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས་བཅས་བྱ་དགོས།
ཧུའུ་ཅིན་ཐའོ་ཡིས་གསུངས་དོན། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ལ་ད་དུང་ཡུན་རིང་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། མི་དམངས་ལ་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཐེབས་པའི་བར་གྱི་འགལ་བ་སྟེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེར་འགྱུར་བ་བྱུང་མེད་ཅིང་། རང་རྒྱལ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད་པ་བཅས་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱ་དགོས། གནས་ཚུལ་གང་ཞིག་བྱུང་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་འདི་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཕྱོགས་གང་ཞིག་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་ནའང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེ་ཤོས་འདིར་རྩ་བ་བརྟན་པོར་འཛུགས་དགོས།ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་ཞིང་།དཔལ་འབྱོར་འཛུགས་སྐྲུན་ལྟེ་གནས་སུ་འཛིན་རྒྱུ་འདི་དང་གཞི་རྩའི་རྩ་དོན་བཞི་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་གཞི་རྩའི་གནད་གཉིས་པོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་ངེས་པར་དུ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ་རང་གཉའ་རང་གཅོག་མི་བྱེད་ལ་རང་མཐོང་རང་ཆེ་ཡང་མི་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཏན་ཏིག་གི་སྒོ་ནས་བརྩོན་ལེན་བྱ་དགོས། ང་ཚོས་ཕུགས་བསམ་འཆང་བ་དང་། དད་སེམས་གཡོ་མེད། གཡོ་འགུལ་མི་གཏོང་བ། སྒྱིད་ལུག་མི་བྱེད་པ། འགྲེ་ལྡོག་མི་རྒྱག་པ། ཞུམ་མེད་འབད་འཐབ་དང་། དཀའ་སྤྱད་འབད་འཐབ། འབད་འཐབ་ལྷོད་མེད་བཅས་བྱས་ཕྱིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་། དཔལ་ཡོན་རྒྱས་ཤིང་འཆམ་མཐུན་ཆེ་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་ངེས་རེད། ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འགྲོ་ལམ་ལ་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བཅས་འདི་ལྟ་བུར་བྱ་དགོས།