རོང་བཙན་ཁ་བ་དཀར་པོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

 


  གནས་རི་འདི་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་དུ་ཡོད་དེ། སྲིད་པ་ཆགས་པའི་ལྷ་དགུ་དང་རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་གྲས་ཡིན། ངག་རྒྱུན་དུ་རོང་བཙན་ཁ་བ་དཀར་པོ་དང་དེའི་ཉེ་འགྲམ་གྱི་རི་རྩེ་ཞིག་ནི་ཕན་ཚུན་ལ་བརྩེ་འདང་ཆེ་བའི་བཟའ་ཟླ་ཡིན་པས། ན་གཞོན་ཕོ་མོ་ཟུང་དེར་གནས་མཇལ་དུ་སོང་ན་བརྩེ་སེམས་ལ་འགྱུར་བ་མེད་པར་བཤད། གནས་འདི་ལ་ལྗོངས་རྒྱུ་ལྟ་སྐོར་བྱེད་མཁན་དང་དད་ལྡན་མཇལ་སྐོར་བྱེད་མཁན་ཤིན་ཏུ་མང་།