སེམས་ཀྱི་ཉི་ཟླ་རྫོང་གིས་སྐྱེ་དངོས་ཐོན་ལས་གོང་འཕེལ་བཏང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ན་ནིང་།སེམས་ཀྱི་ཉི་ཟླ་རྫོང་སྐྱེ་དངོས་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་ 9.69 ཟིན་པ།དེའི་ནང་སྐྱེ་དངོས་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ 4.83 དང་།སྐྱེ་དངོས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.86ཟིན་ཏེ།ཁྲལ་འབབ་སྒོར་ཁྲི་2329.72མངོན་འགྱུར་བྱུང་ཡོད། 
    རྡོ་ཐ་དང་།རྒུན་འབྲུམ་སོགས་དཔལ་འབྱོར་ལོ་ཏོག་གཞི་ཁྱོན་ཅན་གྱིས་འདེབས་འཛུགས་མེད་པ་ནས་ཡོད་པར་གྱུར་པ།2012ལོར་རྡོ་ཐ་བཙུགས་པའི་རྒྱ་ཁྱོན་མུའུ་16001ཟིན་པ་དང་།རྒུན་འབྲུམ་བཙུགས་པའི་རྒྱ་ཁྱོན་མུའུ་1380ཟིན་པ།
    མིག་སྔར།རྫོང་ཡོངས་སྐྱེ་དངོས་ཐོན་ལས་ཀྱི་དཔལ་འབྱོར་རྩ་འཛུགས་ 35 རུ་འཕེལ་བ།དེའི་ནང་ཁེ་ལས་ 29 དང་།ཞིང་པའི་ཆེད་ལས་མཐུན་ཚོགས་ 6 ཡོད་དེ།བཟའ་བྱའི་ཤ་མོའི་རིགས་དང་།ནགས་ཚལ་རི་སྐྱེས་སྔོ་ཚལ་གྱི་ལས་སྣོན།ཕྱུགས་རིགས་དང་བྱ་རིགས་ཀྱི་གསོ་སྤེལ།དར་ཤིང་འཛུགས་པ་དང་དར་འབུ་གསོ་བ།མེ་ཏོག་འཛུགས་པ།སྨན་རྫས་འཛུགས་པ།གཡག་ཤའི་རྒྱུད་ཆགས་ཐོན་རྫས་ཀྱི་ལས་སྣོན།གསོན་ཕག་བཤའ་བ་སོགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད་པ་རེད།   2012 ལོར།སྐྱེ་དངོས་ཐོན་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུར་ཕྱུར་4.86མངོན་འགྱུར་བྱུང་བ། འཚོང་བའི་ཡོང་འབབ་སྒོར་དུང་ཕྱུར་4.99དང་།ཞིང་དུད་ཀྱིས་རྒྱུ་ཆ་བཙོང་སྟེ་ཡོང་འབབ་སྒོར་དུང་ཕྱུར་4མངོན་འགྱུར་བྱུང་བ་རེད།