མཚོ་སྔོན་གྱིས་རྩྭ་ར་མང་ཆེ་ཤོས་སུ་ཕྱུགས་བཀག་རྩྭ་གསོ་བྱས་ཟིན་པ།

རྩོམ་པ་པོ།   མི་དམངས་དྲ་བའི་འཕྲིན།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    མི་དམངས་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་ཁ་གསབ་ལམ་སྲོལ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་བཏང་བས་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ཨང་བཞི་པ་སྟེ་མཚོ་སྔོན་གྱི་རྩྭ་ར་མང་ཆེ་ཤོས་སུ་ཕྱུགས་རྩྭ་གསོ་བ་བྱས་ནས་རྩྭ་ཐང་སྣོད་བཅུད་ལ་དོ་སྙོམས་རགས་ཙམ་བྱུང་ཡོད།
     2011 ལོ་ནས་བཟུང་རྒྱལ་ཁབ་ཀྱིས་ཤིན་ཅང་དང་ནང་སོག   བོད་ལྗོངས།མཚོ་སྔོན།སི་ཁྲོན།ཀན་སུའུ།ཉིང་ཞ། ཡུན་ནན་བཅས་འབྲོག་ཁུལ་ཞིང་ཆེན་ (རང་སྐྱོང་ལྗོངས) གཙོ་བོ་ 8 དུ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ་རེད།