རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།འབའ་གྲུ་གྲོང་སྡེ་ནི་སྔོ་ལྗང་ཅན་གྱི་གོང་འཕེལ་ཐབས་ལམ་དུ་བསྐྱོད་པའི་གྲོང་སྡེ་མཛེས་པོ་ཞིག་ཡིན།ན་ནིང་།འབའ་གྲུ་གྲོང་སྡེའི་སྨན་རྫས་ཀྱི་ཡོང་འབབ་སྒོར་ཁྲི་ 40 ལྷག་ཟིན་པ་དང་།སེ་ཡབ་ཀྱི་ཡོང་འབབ་སྒོར་ཁྲི་ 40 ལྷག་ཟིན་པ། ཀུ་ཤུའི་ཡོང་འབབ་སྒོར་ཁྲི་ 8 ལས་བརྒལ་བ།འབའ་གྲུའི་ཡུལ་བྱ་ཡོང་འབབ་སྒོར་ཁྲི་ 25 ཟིན་པ།སྦྲང་མ་གསོ་བའི་ཡོང་འབབ་སྒོར་ཁྲི་ 20 ལྷག་ཟིན་པ།ནགས་ལས་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་ 110 ཟིན་པས།འབའ་གྲུ་གྲོང་སྡེའི་བཅོལ་དངུལ་མཐའ་ཆུ་གྲོང་རྡལ་གྱི་མདུན་གྲལ་དུ་གནས་ཡོད་པ་རེད།
འབའ་གྲུ་གྲོང་སྡེའི་མང་ཚོགས་ཀྱིས་སྣོད་བཅུད་སྲུང་སྐྱོང་བྱས་པར་ཕན་འབྲས་ཐོབ་ནས།སྣོད་བཅུད་སྲུང་བ་ནི་མང་ཚོགས་ཀྱི་རེ་བ་ཆེ་མོ་དང་རང་འགུལ་གྱི་བྱ་སྤྱོད་དུ་གྱུར་བ་རེད།སྣོད་བཅུད་སྲུང་བའི་རེ་བ་ནི་འབའ་གྲུ་གྲོང་སྡེའི་མང་ཚོགས་ཀྱིས་《གྲོང་སྒྲིག་དམངས་སྡོམ》གྱི་བྱ་ཐབས་སུ་སྤྱད་དེ་གཏན་ཁེལ་བྱས་ནས།འབའ་གྲུ་གྲོང་སྡེའི་མང་ཚོགས་ཀྱིས་རང་རྟོགས་ངང་སྲུང་བའི་རྣམ་ཤེས་ངེས་ལུགས་སུ་གྱུར་ཡོད་པ་རེད།
འབའ་གྲུ་གྲོང་སྡེས་ཤུགས་བསྣན་ཏེ་ཉི་ནུས་འཕྲུལ་ཆས་དང་།ཞིང་གྲོང་གི་གློག་སྐྱེལ་སྐུད་ལམ་གྱི་བསྒྱུར་བཀོད་དང་།རྫབ་རླངས་རྫིང་བུ་སོགས་ཚབ་བྱེད་པའི་ནུས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།འབའ་གྲུ་གྲོང་སྡེའི་མང་ཚོགས་ཀྱི་གནད་དོན་ཐག་བཅད་ཅིང་།སྣོད་བཅུད་ཤེས་དཔལ་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་བ་རེད།
མིག་སྔར། གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་།ལས་བྱེད་པ་སྟོང་ཕྲག་གཞི་རིམ་དུ་བསྐྱོད་ནས་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་པར་སྐུལ་འདེད་གཏོང་བའི་བྱེད་སྒོ་བདེ་ཆེན་ཁུལ་གྱི་རྒྱ་ཆེ་བའི་ཞིང་གྲོང་དུ་སྤེལ་བཞིན་ཡོད་ལ།མི་དམངས་དང་རང་བྱུང་གི་བར་ལ་འཆམ་མཐུན་བྱུང་བ་དང་།རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ།ལྗང་མདོག་ལ་ཡིད་སྨོན་པ།ལྗང་མདོག་ལ་སྲུང་སྐྱོང་བྱེད་པའི་འབའ་གྲུའི་སྙིང་སྟོབས་དེ་བྱེད་སྒོའི་གྱི་ཁྲོད་དུ་དར་སྤེལ་གཏོང་ཐུབ་རྒྱུ་རེད།