རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཚེས་26ཉིན་གྱི་སྔ་དྲོ་མཚོ་དམག་ལྷོ་མཚོའི་དམག་གྲུའི་རུ་ཁག་མཚོ་ཐོག་རྒྱང་སྐྱོད་སྦྱོང་བརྡར་དཔུང་རུས་ཙེང་མུའུ་ཨན་ཧྲར་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད།
ཙེང་མུའུ་ཨན་ཧྲ་འཕྲེད་ཐིག་བྱང་མའི་3°58'དང་།ཤར་གྱི་གཞུང་ཐིག་112°17'གྱི་སར་གནས་ཡོད་པ་དང་།རང་རྒྱལ་གྱི་མངའ་ཁོངས་ཀྱི་ཆེས་ལྷོ་མཐར་གནས་ཡོད།
མཚོ་ངོས་ལྷིང་ངེར་གནས་ཡོད།ཆུ་ཚོད་8དང་སྐར་མ་30ཡི་ཐོག་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འཕུར་གཅལ་ཐོག་རུ་སྟར་སྒྲིག་པའི་དཔོན་དམག་ཡོངས་ཀྱིས་རྒྱལ་དར་ལ་གུས་བཏུད་ཞུས་པ་དང་།དེ་རྗེས་དམ་བཅའི་ཚིག་བཀླགས།“ང་ཚོ་ནི་གཟི་བརྗིད་ལྡན་པའི་ལྷོ་མཚོའི་དམག་གྲུའི་རུ་ཁག་གི་དཔོན་དམག་ཡིན།མེས་རྒྱལ་གྱི་ཙེང་མུའུ་ཨན་ཧྲར་རྒྱལ་དར་ལ་ཕྱོགས་ནས་རྔམ་བརྗིད་ལྡན་པའི་དམ་བཅའ་འཇོག་རྒྱུ་ཡིན།ཏང་གི་བཀོད་འདོམས་ལ་ཉན་པ་དང་།འཐབ་ན་རྒྱལ་བའི་དམག་འཐབ་རྒྱག་པ།སྤྱོད་ཚུལ་ལེགས་པ།མཚོ་ལྷོར་གནས་ཐུབ་པ།མཚོ་ལྷོ་སྲུང་སྐྱོང་།མཚོ་ལྷོར་བྱས་རྗེས་འཇོག་པ་བཅས་ཀྱི་ཐོག་ནས་མེས་རྒྱལ་གྱི་བདག་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་སྟོབས་ཆེའི་རྒྱལ་ཁབ་ཀྱི་བསམ་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་རྒྱུ་ཡིན”
མཚོ་དམག་དཔུང་རུ་ཚེས་19ཉིན་སན་ཡ་ནས་ཐོན་པ་དང་།ཉིན་བརྒྱད་བསྟུད་མར་མཚོ་ཐོག་ཏུ་བསྐྱོད་དེ་དམག་གྲབས་སྐོར་གཡེང་དང་སྦྱོང་བརྡར་ལས་འགན་ཁག་འཆར་གཞི་ལྟར་ལེགས་སྒྲུབ་བྱས་པ་རེད།ཕྱིས་ཀྱི་ཉིན་ནང་མཚོ་དམག་དཔུང་རུས་པ་ཧྲི་མཚོ་འགག་ནས་ནུབ་ཞི་བདེ་རྒྱ་མཚོ་ཆེན་པོར་བསྐྱོད་དེ་མཚོ་ཐོག་རྒྱང་སྐྱོད་ཀྱི་སྦྱོང་བརྡར་མུ་མཐུད་བྱ་རྒྱུ་རེད།