ཞིས་ཅིན་ཕིང་གིས་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྤྱི་པའི་བང་སོར་མྱ་ངན་ཞུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཚེས་25ཉིན་ཐན་ཙན་ནི་ཡར་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྤྱི་པའི་བང་སོར་ཆེད་མངགས་ཕེབས་ནས་ཀྲུང་གོ་དང་ཐན་ཙན་ནི་ཡ་དང་། ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་དབར་གྱི་མཛའ་གྲོགས་བྱ་གཞག་ཆེད་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་མཁན་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་གནང་བ་རེད།
        ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞིས་ཅིན་ཕིང་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁུའེ་ཐེ་ཡི་ཕེབས་རོགས་འོག་སྤྱི་པའི་བང་སོར་ཕེབས་པ་རེད།
        ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྤྱི་པའི་བང་སོ་ནི་གཟི་ཉམས་ལྡན་པ་ཞིག་ཡོད་ཅིང་། ཐན་ཙན་ནི་ཡའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་རང་སྲོག་ཤོར་བའི་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་། ལག་རྩལ་མི་སྣ། བཟོ་པ་བཅས་69ཡི་བང་སོ་དེ་གར་ཡོད་པ་དང་། དྲན་གསོའི་རྡོ་རིང་མདུན་དུ་དཀར་སེར་ཚོན་མདོག་གཉིས་ཀྱི་མེ་ཏོག་སོས་པ་ལས་གྲུབ་པའི་འདས་མཆོད་མེ་ཏོག་ཕྲེང་བ་བཞག་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དལ་མོར་མདུན་དུ་ཕེབས་ནས་རྡོ་སྐས་རིམ་གྱིས་འཛེགས་ཤིང་། ཞིས་ཅིན་ཕིང་གིས་འདས་མཆོད་མེ་ཏོག་ཕྲེང་བའི་ཐོག་གི་དར་རས་གྲལ་སྒྲིག་པོ་བཟོས་གནང་བ་དང་དེའི་ཐོག“ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་ཆེད་སྐུ་གཤེགས་པའི་ཀྲུང་གོའི་རིགས་གཅིག་མཁས་ཅན་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག”ཅེས་བྲིས་ཡོད། གུས་དམག་གིས་སྒྲ་གདངས་དམའ་པོའི་ངང་དུང་བཏང་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དང་དེ་གར་ཡོད་པའི་མི་ཚང་མས་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
        དེ་རྗེས་ཞིས་ཅིན་ཕིང་དང་ཅི་ཁུའེ་ཐེ་རྣམ་གཉིས་བང་སོའི་སྐྱེད་ཚལ་དུ་ཕེབས་ཤིང་།ནེའུ་གསིང་ཐོག་འཛེང་རྡོ་ལས་གྲུབ་པའི་བང་སོའི་རྡོ་རིང་གྲལ་སྒྲིག་པོར་བཞག་ཡོད་པ་དང་དེ་དག་རེ་རེ་ཡི་ཐོག་སྔོན་གཤེགས་དཔའ་བོའི་མིང་དང་། ཕ་ཡུལ། ལས་ཀའི་གོ་གནས། སྐུ་གཤེགས་པའི་ལོ་ཟླ་བཅས་བཀོད་ཡོད། ཞིས་ཅིན་ཕིང་གིས་བང་སོའི་རྡོ་རིང་རེ་རེ་ལ་ནན་ཏན་ངང་གཟིགས་ནས་ཕེབས་བཞིན་དུ་སྤྱི་པའི་བང་སོའི་དོ་དམ་འགན་འཁུར་བའི་ངོ་སྤྲོད་གསན་པ་དང་།ཁོང་གིས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་མེ་ཏོག་དཀར་པོ་ཕུལ་ནས་མྱ་ངན་ཞུ་བའི་བསམ་པ་མཚོན་པར་གནང་བ་རེད།
        བང་སོའི་སྐྱེད་ཚལ་ནས་མར་ཕེབས་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མྱ་ངན་ཞུ་སའི་བསིལ་ཁང་དུ་ཕེབས་ནས་ཞིས་ཅིན་ཕིང་གིས་དྲན་གསོའི་དེབ་ཐོག“སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཀྱིས་དུས་ནམ་ཡང་མི་རབས་རྗེས་མར་ལྕག་སྐུལ་བྱེད།ཀྲུང་གོ་དང་ཐན་ཙན་ནི་ཡའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད”ཅེས་པའི་ཕྱག་བྲིས་གནང་བ་རེད།
        ཕེང་ལི་ཡོན་དང་། ཝང་ཧུའུ་ཉིང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། ་སྐྱོར་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་སྤྱི་པའི་བང་སོར་མྱ་ངན་ཞུས་པ།