གཞི་རིམ་གྱི་ལས་བྱེད་པ་ཡག་ཤོས་འཇིགས་མེད་རྡོ་རྗེའི་སྐོར་འཚོལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

                                རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།དབྱང་དབུན་མིང་གིས།   
        འཇིགས་མེད་རྡོ་རྗེའི་བྱས་རྗེས་འཚོལ་བར་དཔེ་མཚོན་ཆུང་ཆུང་མང་དག་ཡོད་དགོས་པ་མ་ཟད་ད་དུང་གཞི་གྲངས་ཁུངས་བཙན་དེ་བས་ཀྱང་ཡོད་དགོས།དོགས་གཞི་དེ་འཆང་བཞིན་དུ་གསར་འགོད་པ་འཇིགས་མེད་རྡོ་རྗེ་ལས་ཀ་བྱེད་མྱོང་ཡོད་པའི་དབའ་ཞབས་ཤང་སྨིན་ཐོག་གྲོང་ཚོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་ཁུངས་བཙན་གྱི་གཞི་གྲངས་ཐོག་ནས་དོགས་གཞི་དེ་དག་སེལ་ཐུབ་རྒྱུའི་རེ་བ་བྱས།
        སྨིན་ཐོག་གྲོང་ཚོ་བདམས་དོན་ནི་གཤམ་གསལ་གྱི་བསམ་ཚུལ་བཅངས་པ་སྟེ།དེ་སྔོན་འཇིགས་མེད་རྡོ་རྗེ་ནི་སྨིན་ཐོག་གྲོང་ཚོའི་གྲོང་ཚོ་འགན་གཙང་བླངས་མཁན་གྱི་འབྲེལ་གཏུག་པ་ཞིག་ཡིན་ཞིང་།སྨིན་ཐོག་གྲོང་ཚོའི་ཡུལ་མི་དུད་ཚང་25ཚང་མའི་ཁྱིམ་དུ་མཉམ་ཟ་མཉམ་སྡོད་ཉིན་གསུམ་བྱས་པས་ཉིན་བ་གྲོང་ཚོའི་མང་ཚོགས་ཚང་མས་འཇིགས་མེད་རྡོ་རྗེ་ངོ་ཤེས་ངེས་རེད།དེར་བརྟེན་གསར་འགོད་པས་ཉིན་བ་གྲོང་ཚོར་བརྟག་ཞིབ་བྱེད་པར་འགྲོ་རྒྱུའི་སྐོར་གྱི་ས་གནས་སྲིད་གཞུང་གི་ལས་དོན་མི་སྣའི་བཀོད་སྒྲིག་ཚིག་འཇམ་པོའི་སྒོ་ནས་ཁས་མ་བླངས།
        སྨིན་ཐོག་གྲོང་ཚོར་མ་བསྐྱོད་གོང་རྟའུ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཀྲི་དབུན་གྱིས་གསར་འགོད་པར་འཇིགས་མེད་རྡོ་རྗེ་ལོ་དེ་རང་དུ་བ་རི་ཤང་གི་ཤང་ཀྲང་ལ་བདམས་པའི་གཞི་གྲངས་དང་འཐུས་མི་20ཚང་མས་མོས་མཐུན་བྱས་ཚུལ་མཁོ་འདོན་བྱས་བྱུང་།ཚང་མས་མོས་མཐུན་གྱི་འདེམས་ཤོག་གང་འདྲ་བྱས་ནས་འཕེན་པ་ཡིན་ནམ།ཚང་མས་མུན་འཐོམས་ངང་འདེམས་ཤོག་འཕེན་པ་ཡིན་ནམ།
        བློ་གྲོས་ཚེ་བརྟན་ནི་སྨིན་ཐོག་གྲོང་ཚོའི་གྲོང་དཔོན་ཡིན་ཞིང་།ཁོང་གིས“འདེམས་ཤོག་མ་འཕེན་གོང་འཇིགས་མེད་རྡོ་རྗེ་མཐོང་མྱོང་མེད།འོན་ཀྱང་ལུང་བསྟན་ཤང་གི་མི་སེར་ཚོས་ཤང་ཀྲང་འཇིགས་མེད་ལགས་ཀྱིས་ལས་ཀ་ཡག་པོ་གནང་གི་འདུག་ཅེས་པ་ཐོས་མྱོང་ཡོད”ཅེས་བཤད།
        ལོ་དེ་རང་དུ་འདེམས་ཤོག་འཕེན་པའི་ནང་ཞུགས་མཁན་སྨིན་ཐོག་གྲོང་ཚོའི་རྩིས་པ་བསོད་ནམས་དཔལ་མོས་གསར་འགོད་པར་ངོ་སྤྲོད་བྱས་པར།“སྐབས་དེ་དུས་འཇིགས་མེད་རྡོ་རྗེ་མ་བདམས་གོང་སྐབས་ཤིག་རིང་ཤང་ཀྲང་གི་ལས་ཚབ་བྱས་པ་རེད།ཁོང་གིས་ང་ཚོའི་གྲོང་ཚོར་བྱ་བ་བཟང་པོ་མང་དག་བསྒྲུབས་ཡོད་པ་དཔེར་ན།ལམ་བཟོ་བ་དང་ཚང་མར་ཞོག་ཁོག་འདེབས་པའི་ཁ་གསབ་སྤྲད་པ་མ་ཟད་ད་དུང་ང་ཚོར་ཞོག་ཁོག་འཚོང་ལམ་འཚོལ་རོགས་བྱས་ཤིང་།
        དེ་སྔོན་ཞོག་ཁོག་རྒྱ་མ་རེར་སྒོར་ཟུར་6ཡིན་པ་དང་ཁོང་གིས་ང་ཚོར་རྒྱ་མ་རེར་སྒོར་1དང་སྒོར་ཟུར་2བྱ་རྒྱུའི་འབྲེལ་བ་བྱས་པ་དང་ངའི་ཁྱིམ་ནས་ཞོག་ཁོག་རྒྱ་མ་3000ཐོན་པ་དེ་དག་ནས་ཆ་སྙོམས་ཁེ་བཟང་སྒོར་1800རག་བྱུང་།གཞན་ཡང་ངའི་ཁྱིམ་གྱི་ས་ཆ་མུའུ་2ལ་ད་དུང་ཁ་གསབ་སྒོར་600གནང་བྱུང་།དེར་བརྟེན་ངས་ཁོང་ལ་མོས་མཐུན་འདེམས་ཤོག་འཕེན་པ་ཡིན”
        དབའ་ཞབས་ཤང་སྨིན་ཐོག་གྲོང་ཚོའི་གྲོང་ཚོ་འགན་གཙང་བླངས་མཁན་ལས་བྱེད་པ་ཀོའུ་ཆོན་གྱིས་སྨིན་ཐོག་གྲོང་ཚོར་ཁྱོན་དུད་ཚང་56ཡོད་པའི་ནང་རྒྱུན་སྡོད་དུད་ཚང་42ཡོད་པ་དང་དུད་ཚང་14རྫོང་ནང་སྤོས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀར་གསར་འགོད་པ་སྨིན་ཐོག་གྲོང་ཚོར་འབྱོར་ནས་ཆུ་ཚོད་གཉིས་ཙམ་རིང་དུད་ཚང་32ཀྱི་གྲོང་མིར་བཅར་འདྲི་བྱས་པའི་ཁྲོད་དུད་ཚང་16ནང་མི་ཡོད་པ་དང་འཇིགས་མེད་རྡོ་རྗེ་ངོ་ཤེས་མཁན་དུད་ཚང་14དང་།འཇིགས་མེད་རྡོ་རྗེས་ཡུལ་མི་ཚོར་ལས་དོན་བསྒྲུབས་པ་ཤེས་མཁན་དུད་ཚང་12 འཇིགས་མེད་རྡོ་རྗེ་འགྲོ་མྱོང་ཡོད་པའམ་ཡང་ན་འཇིགས་མེད་རྡོ་རྗེ་མཐོང་མྱོང་མཁན་དུད་ཚང་11 འཇིགས་མེད་རྡོ་རྗེ་སྐྱོད་མྱོང་བའི་དུད་ཚང་10བཅས་ཡོད་པ་རེད།གསར་འགོད་པས་བརྟག་ཞིབ་བྱས་པའི་དུད་ཚང་16གི་ཡུལ་མིའི་ཁྲོད་འཇིགས་མེད་རྡོ་རྗེ་རྒྱུས་མངའ་ཡོད་མཁན་གྱིས་87.5%ཟིན་པ་དང་འཇིགས་མེད་རྡོ་རྗེས་ལས་དོན་བསྒྲུབས་པ་ཤེས་མཁན་གྱིས་75%ཟིན་པ་དང་།འཇིགས་མེད་རྡོ་རྗེ་མཐོང་མྱོང་ཡོད་མཁན་གྱིས་68.75%ཟིན་པ།འཇིགས་མེད་རྡོ་རྗེ་བསྐྱོད་མྱོང་བའི་དུད་ཚང་གིས་62.5%ཟིན་པ་བཅས་རེད།
        ལོ་56ལ་སླེབས་པའི་རྨོ་བོ་བསོད་ནམས་ཀྱིས་ཀྱང“ཤང་ཀྲང་གིས་ང་ཚོར་ཕག་པ་སྤྲད་པས་ང་ཚོར་ཤ་ཟ་རྒྱུ་ཡོད་པ་དང་།ད་དུང་ཞོག་ཁོག་གི་ཁ་གསབ་སྤྲད་པ་མ་ཟད་གྲོང་ཚོར་ཤར་གཏོང་གཞུང་ལམ་བཟོས་པ་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ནས་ང་ཚོར་ཧ་ཅང་ཡག་པོ་གནང་གི་ཡོད”ཅེས་དང་ལོ་33ལ་སླེབས་པའི་བཀྲ་ཤིས་ཀྱི་ཁྱིམ་དབུལ་པོ་ཡིན་པས“ཤང་ཀྲང་མ་གྲོངས་གོང་ང་ཚོར་དངུལ་བཏོན་ནས་ཁང་པ་ཉམས་གསོ་བྱེད་རོགས་བྱེད་དགོས་ཞེས་ཤོད་ཀྱི་འདུག”ཅེས་བཤད།ལོ་76ལ་སླེབས་པའི་རྨོ་བོ་ཀརྨ་ཡིས་གྲོང་ཚོའི་ཤར་གཏོང་གཞུང་ལམ་གྱི་ཕན་པ་གླེང་སྐབས“ཕྲུ་གུའི་ལྷམ་རློན་པ་མི་ཆགས་པ་དང་།འདམ་བག་གོས་ལ་མི་འགོས་པ།རྒན་རྒོན་འགྲོ་སྟབས་བདེ་བ་སོགས་ཕན་པ་ཧ་ཅང་ཆེན་པོ་འདུག”ཅེས་བཤད།
        གཞི་གྲངས་དང་མང་ཚོགས་ཀྱི་བབ་ཆགས་སྐད་ཆ་ལས་གསར་འགོད་པར་སེམས་འགུལ་ཚད་མེད་ཐེབས་བྱུང་།མི་སེར་གྱིས་ཡག་ཉེས་དབྱེ་བ་འབྱེད་ཤེས།མི་སེར་ལ་བསྒྲུབས་མྱོང་བའི་བྱ་བཟང་ཁོང་ཚོས་བརྗེད་མི་སྲིད།དབའ་ཞབས་ཤང་དུ་དུད་ཚང་317ལས་མེད་པ་དེ་ཤར་རྒྱུད་གྲོང་ཚོ་གཅིག་གི་མི་འབོར་ལས་ཉུང་ཡང་ས་ཁྱོན་སྤྱི་ལེ་ངོས་གྲུ་141ཡོད་པའི་ཤང་དེ་ཤར་རྒྱུད་རྫོང་གཅིག་ལས་ས་རྒྱ་ཆེ་བ་ཡོད།ཤང་ཡོངས་སུ་སྲིད་འཛིན་གྲོང་ཚོ་8ལས་མེད་ཀྱང་རང་བྱུང་གྲོང་ཚོ་20ལས་བརྒལ་ཡོད།གྲོང་ཚོ་ཁག་དབར་སྦྲེལ་བའི་ལམ་མི་ཉུང་བ་ཞིག་ས་འདམ་ལམ་ཡིན་པ་དང་ལམ་འགྲམ་ནི་གཏིང་ཚད་ལ་སྨི་སུམ་ཅུ་བཞི་བཅུ་ཙམ་ཡོད་པའི་གྲོག་རོང་ཡིན།འཇིགས་མེད་རྡོ་རྗེས་མི་སེར་ཚོར་བརྩེ་སེམས་འཆང་བཞིན་མི་སེར་གྱི་ཁེ་ཕན་ཆེད་དཀའ་ལས་ཚད་མེད་བརྒྱབ་པས་གཞི་ནས་དངོས་དངོས་རྗེན་རྗེན་གྱི་གྲངས་གཞི་དེ་དག་གྲུབ་ཡོད།
        ང་ཚོར་དགོས་གལ་ཆེ་ཤོས་ནི་སེམས་འགུལ་ཐེབས་པ་ཙམ་མིན་པར་བྱ་སྤྱོད་དེ་དོན་དངོས་ཐོག་འཁྱོལ་བ་ཞིག་དགོས།ལོ་33ལས་ཟིན་མེད་པའི་འཇིགས་མེད་རྡོ་རྗེ་ང་ཚོ་དང་ཁ་བྲལ་ཡོད།ཁོང་གིས་ཡུན་རིང་ནད་གཞི་ཕོག་ཀྱང་ལས་ཀ་མཐའ་འཁྱོངས་བྱས་པས་ཁོང་སྐུ་ལས་ཁག་སོང་།འོན་ཀྱང་ཁོང་གིས་ལོ་གཅིག་དང་ཕྱེད་ཀའི་རིང་ཤང་ཡོངས་ཀྱི་རང་བྱུང་གྲོང་ཚོ་ཚང་མར་བསྐྱོད་པ་དང་དུད་ཚང་བཅུ་ཆ་དྲུག་གི་ནང་སྐྱོད་པའི་སྙིང་སྟོབས་ནམ་ཡང་འཇིག་མི་སྲིད།