རང་རྒྱལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱེད་ནུས་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་ཀྲུང་གོ་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་ཀྲེང་གོ་ཀོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་འབྱུང་འགྱུར་ལོ་དྲུག་ནང་རང་རྒྱལ་གྱིས་གནམ་གཤིས་སྲུང་སྐར་10འཕེན་གཏོང་བྱ་རྒྱུ་མ་ཟད་ཏོ་ཕི་ལེར་གནམ་གཤིས་ལེ་ཏ་50ལྷག་ཙམ་བསྐྱར་སྐྲུན་དང་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྲི་4ཙམ་བསྐྱར་སྐྲུན་བྱ་རྒྱུ་ཡིན་ཞིང་།2020ལོར་སླེབས་སྐབས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་བར་སྣང་དབྱེ་འབྱེད་བྱེད་ཚད་སྤྱི་ལེ་10ནང་ཚུན་ཙམ་ཟིན་རྒྱུ་དང་དུས་ཚོད་དབྱེ་འབྱེད་བྱེད་ཚད་སྐར་མ་རིམ་པར་སླེབས་རྒྱུ་ཡིན་པ་རེད།ལྟ་ཞིབ་ཚད་ལེན་གྱི་འདུས་ཚད་མཐོ་རུ་ཕྱིན་པ་དེས་གནམ་གཤིས་སྔོན་བརྡ་གཏོང་བ་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ཞིབ་ཚགས་ཚད་དང་གནད་ལ་འཁེལ་ཚད་ཧ་ཅང་མཐོ་རུ་ཕྱིན་ནས་གནམ་གཤིས་སྔོན་བརྡའི་དབྱེ་འབྱེད་བྱེད་ཚད་དེ་གྲོང་ཁྱེར་ནང་སྤྱི་ལེ་2ནས་3ནང་ཚུན་བར་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ལེ་5ནས་སྤྱི་ལེ་10བར་ཟིན་རྒྱུ་ཡིན་པ་རེད།
        འདི་ལོའི་ཟླ་3ཚེས་23ཉིན་ནི་འཛམ་གླིང་གནམ་གཤིས་ཉིན་མོ་ཐེངས་53པ་ཡིན་ཞིང་། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས“གནམ་གཤིས་ལ་ལྟ་ཞིབ་བྱས་ནས་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་བྱེད།—འཛམ་གླིང་གནམ་གཤིས་ལྟ་ཞིབ་དྲ་བ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ”ཞེས་པ་འཛམ་གླིང་གནམ་གཤིས་ཉིན་མོའི་བརྗོད་བྱ་གཙོ་བོར་གཏན་འཁེལ་བྱས་པ་རེད།