ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གིས་བོད་ཀྱི་ཡུལ་སྐད་འགྲན་སྡུར་སྐབས་ལྔ་བ་སྤེལ་བ།

རྩོམ་པ་པོ།   བདེ་ཆེན་འཚོ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

       ཟླ3པའི་ཚེས22ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གིས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ་བཅས་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་སློབ་མ་རྣམས་ཕན་ཚུན་ལ་འབྲེལ་འདྲིས་ལེགས་པོ་བྱེད་པ་དང་། སློབ་ཁྲིད་ཀྱི་ཕན་འབྲས་དང་སློབ་མའི་སློབ་སྦྱོང་གི་འབྲས་བུ་མཐོ་རུ་འདེགས་པ། དེ་མིན་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་བ་སོགས་སུ་དམིགས་ནས་བོད་ཀྱི་ཡུལ་སྐད་འགྲན་སྡུར་སྐབས་ལྔ་བ་སྤེལ་བ་རེད། 
       ཐེངས་འདིའི་འགྲན་སྡུར་སྟེང་མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་མ་བཅུ་དྲུག་ཞུགས་ཡོད་ཅིང་། གཙོ་བོ་དྲི་བ་དྲིས་ལན་དང་དུས་ཐོག་ཏུ་ཁ་བྱང་འདེམ་པ། ཕན་ཚུན་ལ་ཁ་བརྡ་བྱེད་པ་བཅས་རིམ་པ་གསུམ་དུ་བཀར་ནས་འགྲན་སྡུར་སྤེལ་བ་རེད། འགྲན་ཞུགས་པ་རྣམས་ཀྱིས་ཡུལ་ཁོངས་སོ་སོའི་ཡུལ་སྐད་ཀྱི་ཁྱད་པར་དང་སོ་སོའི་སློབ་སྦྱོང་བྱས་པའི་འབྲས་བུ་སོགས་ཕན་ཚུན་ལ་བརྗེ་རེས་བྱས། དེ་བས་ཐེངས་འདིའི་འགྲན་སྡུར་གྱིས་ཡུལ་སོ་སོ་ནས་ཡོང་བའི་སློབ་མ་རྣམས་ཀྱིས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གང་ཡིན་ཡང་རིས་སུ་མ་ཆད་པར་སློབ་སྦྱོང་བྱེད་པ་དང་། རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགེ་མཚན་མི་དམན་པ་ཞིག་བསྐྲུན་པ་རེད།