བདེ་ཆེན་རྫོང་གི་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ།

རྩོམ་པ་པོ།    ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ན་ནིང་། བདེ་ཆེན་རྫོང་ཡོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཡོད་ཀྱི་ཁག་ཐེག་བྱས་པ།
       གོ་རྟོགས་ལྟར་ན། ན་ནིང་། རྫོང་ཡོངས་ཀྱིས་ཆུ་བེད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ 4999.86 དོན་འཁྱོལ་བྱས་ཡོད་པས། ཁུལ་དང་རྫོང་གིས་སྤྲོད་པའི་ 2012 ལོའི་ཆུ་བེད་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་ 2912.5 ཡི 172% སྒྲུབ་ཚར་བ་རེད། བསྡོམས་ཏེ་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི 5599.86 སྒྲུབ་ཚར་བས། ཁུལ་དང་རྫོང་གིས་སྤྲོད་པའི་ཆུ་བེད་སྐོར་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་བཏང་འཇོག་ལས་འགན་གྱི་ 192% སྒྲུབ་ཚར་བ། བསྡོམས་ཏེ་ཞིང་ཁའི་ཆུ་བེད་སྒྲིག་ཆས་ཁག 27 བསྐྲུན་ཚར་བ་ལས། ཡེར་ཀ་ཉམས་གསོ་སྒྲིག་བཅོས་ཨར་ལས་ 13 དང་། བསྡོམས་ཏེ་ཡེར་ཀ་རིང་ཚད་སྟོང་སྨི 65 ལ་སྒྲིག་བཅོས་བྱས་པ།ཞིང་ཁར་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ 2500 གསར་སྣོན་བྱུང་བ། གྲོང་གསེབ་ཀྱི་བཏུང་ཆུ་བདེ་འཇགས་རྣམ་གྲངས་ཁག 14 སྤེལ་བ་དང་། མི 3423 དང་། ཕྱུགས་ཟོག 10269 ལྷག་གི་བཏུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས། ཆུང་གྲས་ཀྱི་ཆུ་མཛོད་ཉེན་སེལ་སྲར་བཏང་གི་ཨར་ལས་ཁག་ 2 སྤེལ་བ་དང་། ཆུ་རྒྱུད་ཆུང་འབྲིང་གི་གཙང་སེལ་སྒྲིག་བཅོས་ཨར་ལས་ཁག་1སྤེལ་བ་རེད། 
        མུ་མཐུད་དུ་ཞིང་གྲོང་བཏུང་ཆུ་བདེ་འཇགས་ཀྱི་གནད་སེལ་ལས་ཀ་སྤེལ་བ། ན་ནིང་ལོར། 《ཡུན་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་དང་ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་གི་ 2012 ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་ཆུ་བེད་ཨར་ལས་སྐོར་གྱི་མ་དངུལ་བཏང་འཇོག་འཆར་གཞིའི་བརྡ་ཐོ》 ཞེས་པ་བཅས་ལ་གཞིགས་ནས། བདེ་ཆེན་རྫོང་གི་མིའི་བཏུང་ཆུ་བདེ་འཇགས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་ 181.55 བཏང་འཇོག་བྱས་ནས། ཡུལ་ཕྱོགས་ 44 ཀྱི་མི་ 3423 དང་ ཕྱུགས་ཟོག་ 10269 གི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ། གཅིག་བསྡུས་ཀྱིས་ཆུ་ཁག་ 17 མཁོ་སྤྲོད་བྱས་ནས་མི་ 1369 ཡི་བཏུང་ཆུའི་བདེ་འཇགས་ཐག་གཅོད་བྱས་པ་དང་།བཏུང་ཆུ་ཁག་ 27 མཁོ་སྤྲོད་བྱས་ནས་མི་ 2054 ཡི་བཏུང་ཆུ་ཐག་གཅོད་བྱས།  
        ནན་ཏན་གྱིས་ཆུ་རྒྱུད་ཆུང་འབྲིང་གི་སྒྲིག་བཅོས་རྣམ་གྲངས་སྤེལ་ནས། རིམ་བསགས་ཀྱིས་རྩིས་ན་སྒོར་ཁྲི་ 2800 བཏང་འཇོག་བྱས་ཡོད། ཕྱོགས་ཡོངས་ནས་ཆུ་མཛོད་ཆུང་གྲས་ཀྱི་ཉེན་སེལ་སྲར་བཏང་ལས་ཀ་སྤེལ་བ། གཡག་རྭ་བྲག་སྒང་གི་ཆུ་མཛོད་ཆུང་གྲས་ཀྱི་ཉེན་སེལ་སྲར་བཏང་ཨར་ལས་ཕྱོགས་ཡོངས་ནས་སྒྲུབ་ཚར་བ་དང་རིམ་བསགས་ཀྱིས་རྩིས་ན་མ་དངུལ་སྒོར་ཁྲི་ 400 བཏང་འཇོག་བྱས། གཡག་རྭ་མདའ་མོ་སྒང་གི་ཆུ་མཛོད་ཆུང་གྲས་ཀྱི་ཉེན་སེལ་སྲར་བཏང་ཨར་ལས་དེ་ 2012 ལོའི་ཟླ་ 9 པར་དངོས་སུ་ལས་འགོ་ཚུགས་པ། དུས་མཚུངས་སུ་སྤོམ་རྩེད་ར་དགེ་ལུང་ཤོད་ཆུ་མཛོད་ལ་སོགས་པའི་རྣམ་གྲངས་གཞན་གྱི་དུས་སྔ་མའི་ལས་ཀ་ཡག་པོ་སྒྲུབ་པ། རྣམ་གྲངས་ཀྱི་དུས་སྐབས་སྔ་མའི་ལས་ཀར་ཤུགས་སྣོན་བརྒྱབ་ནས། བདེ་ཆེན་རྫོང་གིས་ལུགས་མཐུན་ངང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཁག་ཅིག་གསོག་འཇོག་བྱས་ནས། དེང་ཕྱིན་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཆུ་བེད་འཛུགས་སྐྲུན་མ་དངུལ་ལ་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད།