འབའ་ལུང་རྫོང་གིས་སྦྲང་གསོ་ཐོན་ལས་ལ་བརྟེན་ནས་ཞིང་པའི་ཡོང་སྒོ་ཇེ་མང་དུ་བཏང་བ།

རྩོམ་པ་པོ།    ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  ན་ནིང་ལོའི་ཚུན་དུ།  འབའ་ལུང་རྫོང་གི་སྦྲང་གསོ་ཐོན་ལས་ཀྱི་གསོ་སྐྱོང་དང་ཁྱབ་གདལ་གཏོང་བའི་ལས་ཀ་དེ་རྫོང་ཨུའི་སྲིད་གཞུང་དང་རྫོང་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཧུར་བརྩོན་འོག་གོང་འཕེལ་ཆེན་པོ་བྱུང་ཡོད། 
       འབའ་ལུང་རྫོང་གི་ཀྲུང་ཧྭ་སྦྲང་མ་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་གདལ་གཏོང་བའི་ལས་ཀ་དམ་འཛིན་བྱེད་ཆེད།   རྫོང་འདིའི་བཟོ་ཚོང་མཉམ་འབྲེལ་ཚོགས་པས་རྫོང་ཨུ་དང་།  རྫོང་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས།  སྔ་ཕྱིར་པའེ་ཅི་ཞོན་ཤང་དང་།   ཁམས་ཕུ་ཤང་།  ཡེ་ཀྲི་གྲོང་རྡལ།  འབའ་སྡེ་ཤང་བཅས་སུ་ཀྲུང་ཧྭ་སྦྲང་མ་གསོ་སྐྱོང་གི་རིག་གཞུང་ཤེས་བྱ་དང་།   ལག་ལེན་བཀོལ་སྤྱོད་སོགས་ཀྱི་གསོ་སྦྱོང་བྱས་པ་རེད།   གསོ་སྦྱོང་བྱས་པ་བརྒྱུད་ནས་རྒྱ་ཆེའི་སྦྲང་གསོ་ཞིང་པ་རྣམས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྦྲང་མ་གསོ་བའི་ཆེད་ལས་ཤེས་བྱར་སློབ་སྦྱོང་བྱས་ཏེ་ཁོང་དུ་ཆུད་པ་དང་།  འབའ་ལུང་རྫོང་གི་ཚན་རིག་དང་མཐུན་པའི་སྒོ་ནས་སྦྲང་མ་གསོ་བའི་དངོས་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  ལྷག་པར་དུ་དེང་རབས་སྦྲང་སྒམ་གྱི་བཀོལ་སྤྱོད་དང་།  སྦྲང་རྩིའི་སྤུས་ཚད།  ཐོན་འབབ་ཀྱི་ཚད་སོགས་ཇེ་མཐོར་སོང་ཡོད་པས།  སྦྲང་མ་གསོ་བའི་ཁྱིམ་ཚང་སྔར་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད།   རྫོང་ཡོངས་ཀྱི་སྦྲང་གསོའི་ཐོན་འབབ་སྒོར་ཁྲི 3500 ལྷག་ལ་སོན་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་སྦྲང་མ་གསོ་བའི་གསོ་སྦྱོང་ཁྱབ་གདལ་བཏང་བ་དེས་རྒྱ་ཆེའི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ནས་ཕྱུག་པོར་ཆགས་པར་ལམ་གསར་བ་ཞིག་བཏོད་ཡོད། 
       སྦྲང་གསོ་ཐོན་ལས་སྐུལ་སྤེལ་གཏོང་བ་དང་ཟུང་འབྲེལ་བྱས་ནས།  འབའ་ལུང་རྫོང་བཟོ་ཚོང་མཉམ་འབྲེལ་ཚོགས་པས་ཁེ་ལས་འཕེལ་རྒྱས་དང་།  ཚོང་རྟགས་གསར་བསྐྲུན་ལས་ཀ་གཉིས་ཟུང་དུ་སྦྲེལ་ནས་ལས་ཀ་སྒྲུབ་པ་རེད།   མིག་སྔར་ཞོལ་ཐའོ་འདེབས་འཛུགས་རྟེན་གཞི་དེ་ཀྲུང་གོའི་སྦྲང་གསོ་སློབ་ཚོགས་ཀྱི་ཀྲུང་ཧྭ་སྦྲང་མ་གསོ་བའི་རྟེན་གཞི་བྱེད་རྒྱུའི་རེ་ཞུ་བྱས་པ་དང་།  དེ་དང་ཆབས་ཅིག   ཧུར་ཐག་གིས་ཀྲུང་གོ་སྦྲང་གསོ་སློབ་ཚོགས་ཀྱི་གདོད་མའི་རྣམ་པའི་སྦྲང་གསོའི་ཐོན་སྐྱེད་རྟེན་གཞི་རེ་ཞུ་བྱེད་བཞིན་ཡོད།