ཨ་མེས་དངོས་གྲུབ་ཀྱིས་སྔ་དེང་བསྡུར་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

      “ད་ལྟ་ང་ཚོའི་འཚོ་བ་ནི་ཧ་ཅང་སྐྱིད་པོར་སོང་ཡོད།” ལོ་ན་72ལོན་པའི་ཨ་མེས་དངོས་གྲུབ་ཀྱིས་དགའ་བའི་ངང་གསར་འགོད་པར་འདི་འདྲ་བཤད་པ།
       ཨ་མེས་དངོས་གྲུབ་ཀྱིས་དེ་སྔར་ང་ཚོས་ནས་དང་ཞོག་ཁོག   ཉུང་མ་བཏབ་ནས་འཚོ་བ་སྐྱེལ་དགོས་ལ།ཐན་པ་བྱུང་བ་སོགས་ཀྱི་གནོད་སྐྱོན་ཐེབས་ཚེ་ལོ་དེའི་བཟའ་འབྲུ་ལ་དཀའ་ངལ་ཐུག་རྒྱུ་རེད།དགུན་ཁ་ཐོན་དུས་ཁ་བ་ཆེན་པོ་བབས་ན་ཕྱུགས་རིགས་ལ་ཆག་སྒོ་ཐེབས་རྒྱུ་རེད།ད་ལྟ་ནས་དང་ཞོག་ཁོག་ཟ་ཆོག་པ་མ་ཟད།སྣ་རིགས་མང་བའི་སྔོ་ཚལ་དང་ཤ་རིགས་སོགས་ཟ་ཆོག  དེ་སྔར་འཚོ་བའི་ཁོར་ཡུག་དང་བཟའ་བཏུང་ཞན་པའི་རྐྱེན་གྱིས་མང་ཚོགས་ལ་ནད་ཕོག་སླ་པོ་རེད།འོན་ཀྱང་དེང་སང་ལྟ་བུའི་སྨན་བཅོས་དང་འགྲིམ་འགྲུལ་ཆ་རྐྱེན་ཡང་མེད་དེ།གཟུགས་གཞི་ཡག་ན་ནད་ལས་ཐར་ཐུབ་ཅིང་།གཟུགས་གཞི་ཞན་ན་ཤི་འགྲོ་བའི་ཉེན་ཁ་ཡོད།
      ད་ལྟ་འགྲོ་ལམ་སྟབས་བདེ་པོར་བཟོས་ཡོད་པ་མ་ཟད། ད་དུང་ཡུལ་མིས་རླངས་འཁོར་ཇེ་མང་དུ་ཉོས་ཡོད།སྨན་བཅོས་ཆ་རྐྱེན་ཡང་ཇེ་ལེགས་སུ་བཏང་སྟེ།ཤང་དང་གྲོང་རྡལ་སོ་སོར་སྨན་ཁང་བཙུགས་པ་མ་ཟད་ད་དུང་དུས་རྒྱུན་དུ་སྨན་བཅོས་ལས་བྱེད་ཞབས་འདེགས་རུ་ཁག་གིས་གྲོང་སྡེར་སྨན་ཡོན་མི་ལེན་པར་སྨན་བཅོས་བྱ་རྒྱུ་རེད།དེ་སྔར་བྱ་བ་ཅི་ཡོད་ན་ཐག་གཅོད་དཀའ་བ་རེད།ད་ལྟ་ང་ཚོ་ཚང་མ་ཁ་པར་ཡོད་པས།བྱ་བ་ཅི་ཡོད་ན་ཁ་པར་གཅིག་རྒྱག་ན་རང་ཉིད་ཀྱི་བྱིས་པ་ཚོ་དང་གྲོས་བསྡུར་བྱེད་ཐུབ་པ་རེད།དེ་ཚང་མ་ལོངས་སུ་སྤྱོད་ཐུབ་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་རེད།ང་ཚོས་རང་གི་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ་དགོས་ཞེས་བཤད་པ་རེད།