རྩོམ་པ་པོ།    སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་ལ།བདེ་ཆེན་རྫོང་བྲག་ཞབས་ཤང་གིས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་ཞིང་པའི་ཡོང་སྒོ་མཐོ་རུ་འཕར་བའི་ཐབས་ལམ་གཙོ་བོར་འཛིན་ནས།རོང་ཁུལ་དུ་སྟར་ཀ་འདེགས་འཛུགས་བྱས་པ་དང་།རི་སྐེད་དུ་སྨན་རྫས་འདེབས་འཛུགས་བྱས་པ།རི་མགོ་ལ་སྦྲང་མ་གསོ་བའི་གནས་ཚུལ་ཡག་པོ་ཞིག་བྱུང་ཡོད།
2012 ལོར།ཤང་ཡོངས་ཀྱིས་ཆ་རྐྱེན་ཡག་པའི་ཡུལ་མི་ཚོ་ཆུང་ལ་སྟར་ཀའི་འདེབས་འཛུགས་གནས་གཞི 13 བཙུགས་ཡོད།སྡེབ་རྩིས་བྱས་པར་གཞིགས་ན་དུད་ཚང་ 1200 ཡིས་དབྱང་པིའི་སྤུས་ལེགས་སྟར་ཀ་མུའུ 5000 འཛུགས་ཡོད་པས།སྟར་ཀ་འདེགས་འཛུགས་བྱས་པའི་རྒྱ་ཁྱོན་མུའུ27134ལ་ཟིན་པ།སྟར་ཀའི་སྡོང་ཕྲུག་འདེབས་གསོའི་གནས་གཞི1བཙུགས་ཡོད་ལ་སྤུས་ལེགས་སྟར་ཀའི་སྡོང་ཕྲུག་ཁྲི10འདེགས་གསོ་བྱས་ཡོད།
ཤང་ཡོངས་ཀྱི་སྨན་རྫས་འདེགས་འཛུགས་རྒྱ་ཁྱོན་མུའུ 3984 ལྷག་ཟིན་ཞིང་།སྨན་རྫས་ཀྱི་ཡོང་སྒོ་ནི་དཔལ་འབྱོར་ཡོང་སྒོའི 11% ཡན་མན་ལ་བཟུང་ཡོད།སྨན་རྫས་འདེབས་གསོའི་གནས་གཞི 2 བཙུགས་ཏེ།རོང་ཁུལ་དང་།རི་ཁུལ་དུ་འཛུགས་ཆོག་པའི་མྱུ་གུ་གསོ་ཡོད།ཤང་འདིས་སྨན་རྫས་མུའུ10600སྣོན་འཛུགས་བྱས་ཤིང་།འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ15000ལ་ཟིན་ཞིང་།སྨན་རྫས་ཤང་གི་འཛུགས་སྐྲུན་གོམ་སྟབས་མྱུར་དུ་གཏོང་བར་སྐུལ་འདེད་གཏོང་བའི་འཆར་གཞི་བཀོད་ཡོད།
2012ལོར།ཤང་ཡོངས་ལ་སྦྲང་མའི་སྒམ6500ཡོད།དེའི་ནང་སྤོ་བདེའི་སྦྲང་མའི་སྒམ1515དང་།གདོད་མའི་སྦྲང་མའི་སྒམ4985ཡོད། 2011ལོར་ཤང་ཡོངས་ཀྱི་སྦྲང་རྩིའི་ཐོན་ཚད་བསྡོམས་གྲངས་སྤྱི་རྒྱ26172ཡོད་པས།སྦྲང་རྩིའི་ཡོང་སྒོ་བསྡོམས་གྲངས་སྒོར་ཁྲི130.86དངོས་སུ་གྲུབ་སྟེ།མི་རེ་ལ་སྒོར158.8ཀྱི་སྦྲང་རྩིའི་ཡོང་སྒོ་ཐོབ་པ་རེད།