རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   
ཉེ་བའི་ལོ་འགའི་རིང་། འབའ་ལུང་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་པའེ་ཅི་ཞུན་ཤང་ཡུང་ཨན་གྲོང་སྡེའི་ཧ་ཏ་ཁོ་ཡུལ་མི་ཚོ་ཆུང་དུ་མི་དམངས་ཀྱི་འདོད་བློ་ལ་འདྲི་བའི་བྱེད་སྒོ་སྤེལ་ནས།མང་ཚོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ།ང་ཚོ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་འགན་ཁུར་བ་དང་མཉམ་དུ་ལི་སུའུ་རིགས་ཀྱི་གཞོན་ནུ་དབྱང་ཅི་ཀྲུང་གི་ཁྱིམ་ཚང་དུ་སླེབས་པ།“ད་ལྟར་དབྱང་ཅི་ཀྲུང་གིས་ར་བའི་ནང་སྡོང་ཕུང་འདེབས་འཛུགས་བྱེད་བཞིན་ཡོད།”ལོ77ལོན་པའི་དབྱང་ཅི་ཀྲུང་གི་ཨ་ཕྱིས་ང་ཚོར་འདི་ལྟར་བཤད་པ།
དེའི་རྗེས།ཨ་ཕྱིས་ང་ཚོར་ཁོང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་གྱི་འཕོ་འགྱུར་བཤད་པ། 2009 ལོའི་སྔོན་དུ།དབྱང་ཅི་ཀྲུང་ཁྱིམ་ཚང་གི་མི 6 ལ་རི་ཞིང་མུའུ 6 ཡོད་ཅིང་།མུའུ་རེ་ལ་རྒྱ་མ 600 ཙམ་ལས་ཐོན་མེད།ཁྱིམ་ནང་རྒྱུན་ལྡན་གྱི་འགྲོ་སྒོ་སྟེ “ཆེས་དམའ་བའི་འཚོ་བའི་འགན་སྲུང་”ལ་བརྟེན་དགོས་པ་དང་།དུས་རབས70པར་འཛུགས་སྐྲུན་བྱས་པའི་ཁང་པ་ཐབས་ཆག་ལ་སྡོད་ཡོད།
ང་ཚོས་ཨ་ཕྱི་དང་མཉམ་དུ་ཁ་བརྡ་ཆུ་ཚོད་གཅིག་ཙམ་གློད་རྗེས།ལུས་པོ་བདེ་ཐང་དང་སྟོབས་ལྡན་པའི་གཞོན་ནུ་དབྱང་ཅི་ཀྲུང་གི་ཁྱིམ་དུ་ལོག་པ་ཡིན།ཁོས་ང་ཚོ་ལ་ཁོང་གི་སྡོང་ཕུང་འདེབས་འཛུགས་བྱས་ནས་ཕྱུག་པོར་འགྱུར་བའི་གནས་ཚུལ་བཤད་བྱུང་།
“ང་འབའ་ལུང་རྫོང་ལས་རིགས་སློབ་འབྲིང་ནས་ཐོན་པས།ཞིང་ལས་ཚན་རྩལ་སྦྱངས་མྱོང་ཡོད།ཕ་ཡུལ་དུ་ལོག་རྗེས།ངས་ཕ་མེས་དང་འདྲ་བར་ཞིང་ལས་འདེབས་བཞིན་ཡོད། འོན་ཀྱང་འཚོ་བ་ཕུན་སུམ་ཚོགས་པོར་འགྱུར་ཐུབ་མེད།རྗེས་མར་ངའི་བསམ་དོན།སློབ་གྲྭར་སློབ་སྦྱོང་བྱས་པའི་ཤེས་བྱ་ཞིང་ལས་ཐོན་སྐྱེད་ཐོག་སྤྱད་ནས།དབུལ་ཕོངས་ཀྱི་གནས་ཚུལ་འགྱུར་ལྡོག་གཏོང་རྒྱུ་ཡིན།ངས་ཞིང་ལས་ཚན་རྩལ་གྱི་དཔེ་དེབ་མང་བོ་ཉོས་ནས་ནན་ཏན་གྱིས་སློབ་སྦྱོང་བྱས་པ་ཡིན། 2009 ལོའི་ལོ་འགོ་རུ།ངས་དཔེ་དེབ་ལ་གཞིགས་ནས་མིའི་ཐབས་ཀྱིས་རི་སྐྱེས་སྡོང་ཕུང་གསོ་སྤེལ་བྱས་པ་མ་ཟད།ད་དུང་ཞིབ་ཕྲའི་ངང་ཟིན་ཐོ་འགོད་པ།2011ལོར་ངས་འདེབས་འཛུགས་བྱས་པའི་སྡོང་ཕུང་གིས་ཡོང་སྒོར་ཁྲི2.5མངོན་དུ་འགྱུར་ཞིང་།ན་ནིང་ངས་སྡོང་ཕུང་གི་འདེབས་འཛུགས་རྒྱ་ཁྱོན་རྒྱ་སྐྱེད་བྱས་ནས།དཔལ་འབྱོར་ཡོང་སྒོ་སྒོར་ཁྲི6མངོན་དུ་འགྱུར་བྱུང་།”
དབྱང་ཅི་ཀྲུང་གི་ཨ་མས་བཤད་དོན།སྡོང་ཕུང་འདེབས་འཛུགས་བྱས་ནས།ངའི་ཁྱིམ་ཚང་གི་ཡོང་སྒོ་མཐོར་འདེགས་བྱུང་བའི་རྐྱེན།ན་ནིང་ཁང་པ་གསར་བ་ཞིག་བཙུགས་ཐུབ་པ་བྱུང་།
ཤེས་གསལ་བྱུང་དོན།ད་ལྟར།འབའ་ལུང་རྫོང་དུ་སྡོང་ཕུང་སྤྱི་རྒྱ་གཅིག་གི་རིན་གོང་སྒོར800ལ་ཟིན་ཡོད།