ཀྲུང་གོའི་བོད་རིག་པའི་དུས་དེབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།



    ཀྲུང་གོའི་བོད་རིག་པའི་དུས་དེབ་ཁང་འདི་ནི་སྤྱི་ལོ་༡༩༨༦ལོར་བཙུགས་ཤིང་།  ཀྲུང་གོའི་བོད་རིག་པ་ཞེས་པའི་དུས་དེབ་འདི་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་རེད། ཀྲུང་གོའི་བོད་རིག་པ་ཞེས་པའི་དུས་དེབ་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་དུས་དེབ་གཙོ་བོ་ཞིག་ཡིན་ཞིང་།  རྒྱ་བོད་དབྱིན་ཡིག་རིགས་གསུམ་གྱི་པར་གཞིའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཀྱི་ཡོད།  ཀྲུང་གོའི་བོད་རིག་པའི་དུས་དེབ་འདིའི་ནང་ཆབ་སྲིད་རིག་པ་དང་།  དཔལ་འབྱོར་རིག་པ།  མི་འབོར་རིག་པ།  ཆོས་ལུགས་རིག་པ།  ལོ་རྒྱུས་རིག་པ།  གནའ་རྫས་རྟོག་ཞིབ་རིག་པ།  མིའི་རིགས་རིག་པ།  མི་རིགས་རིག་པ།  དམངས་སྲོལ་རིག་པ།  སློབ་གསོ་རིག་པ།  སྐད་ཡིག་རིག་པ།  ཡི་གེའི་རིག་པ།  བོད་སྨན་རིག་པ།  དམངས་ཁྲོད་ཀྱི་རྩོམ་རིག  ཁོར་ཡུག་ཚན་རིག  རྩོམ་རིག་སྒྱུ་རྩལ་སོགས་ཀྱི་ནང་དོན་འདུས་ཡོད།  
    ཀྲུང་གོའི་བོད་རིག་པ་ཞེས་པའི་དུས་དེབ་འདི་འདོན་གྲངས་140ཡིན་ལ།  འགྲེམས་སྤེལ་བྱེད་ཚད་ཁྲི་ཉི་ཤུ་རྩ་གསུམ་ཡིན།  དུས་དེབ་མངག་ཉོ་བྱེད་མཁན་ཨ་མི་རི་ཀ་དང་།  དབྱིན་ཇི།  ཧྥ་རན་སི།  ཨུ་རུ་སུ།  འབྱར་པན།  འཇར་མན་སོགས་རྒྱལ་ཁབ་མང་པོ་ཡོད།


ཀྲུང་གོའི་བོད་རིག་པ (རྒྱ་ཡིག)
རྒྱལ་སྤྱིའི་ཚད་ལྡན་དུས་དེབ་ཨང་རྟགས། ISSN1002-557 X   
རྒྱལ་ནང་དུ་འགྲེམས་སྤེལ་བྱེད་པའི་ཨང་རྟགས། CN11-1725/ C)   
དུས་དེབ་ཡིན་ཞིང་།   སྤྱི་ལོ་1988ལོར་གསར་བཏོན་བྱས།  
རྩོམ་སྒྲིག་པའི་འབྲེལ་གཏུགས་ཁ་པར 86-10-64937904 
 Email: zgzx@tibetology.ac.cn 


ཀྲུང་གོའི་བོད་རིག་པ(བོད་ཡིག)
རྒྱལ་སྤྱིའི་ཚད་ལྡན་དུས་དེབ་ཨང་རྟགས། ISSN1002-9060
རྒྱལ་ནང་དུ་འགྲེམས་སྤེལ་བྱེད་པའི་ཨང་རྟགས།  CN11-1726/C) 
དུས་དེབ་ཡིན་ཞིང་།   སྤྱི་ལོ་1988ལོར་གསར་བཏོན་བྱས།  
རྩོམ་སྒྲིག་པའི་འབྲེལ་གཏུགས་ཁ་པར། 86-10-64938875 

ཀྲུང་གོའི་བོད་རིག་པ་(དབྱིན་ཡིག) 
རྒྱལ་སྤྱིའི་ཚད་ལྡན་དུས་དེབ་ཨང་རྟགས།ISSN1671-6046
རྒྱལ་ནང་དུ་འགྲེམས་སྤེལ་བྱེད་པའི་ཨང་རྟགས།CN11-4711/D) 
ལོ་ཕྱེད་དུས་དེབ་ཡིན་ཞིང་།  སྤྱི་ལོ་2003ལོར་གསར་བཏོན་བྱས། 
རྩོམ་སྒྲིག་པའི་འབྲེལ་གཏུགས་ཁ་པར།86-10-64937904