ཀུན་སྤྱོད་སློབ་གསོའི་ཟུར་ལྟའི་དཔེ་ཚོགས་ངོ་སྤྲོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།



    ཉེ་ཆར། མགོ་ལོག་ཁུལ་སློབ་གསོ་ཅུས་བསྡུ་བསྒྲིགས་བྱས་པའི་མགོ་ལོག་ཁུལ་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་སློབ་གསོའི་ཟུར་ལྟའི་དཔེ་ཚོགས་ཏེ། བྱིས་གླུ་དང་། བྱིས་པའི་གཏམ་རྒྱུད། གཏམ་དཔེ། གླུ་གཞས། མཁས་པའི་ལོ་རྒྱུས། གེ་སར་རིག་གནས། ཡིག་གཟུགས། བྱིས་པ་རི་མོར་འཇུག་པའི་སྒོ་སོགས་དངོས་སུ་པར་སྐྲུན་བྱས་ཡོད་ཅིང་།   བྱ་གཞག་འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་དུ་གཏོང་ཆེད་རྒྱ་ཆེའི་སློབ་གཉེར་བ་དག་གི་སྤྱན་ལམ་དུ་ཕུལ་ཡོད་པ་རེད།