གྲ་ས་མི་དགོས་གྲོང་ས་ལ་མི་གནས་ནའང་མི་གནས།

རྩོམ་པ་པོ།   འབྲི་སྨྱོན་གྱིས་བསྡུས།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    སྤང་རྒྱན་མེ་ཏོག

    སྔོན་གྲ་སར་སློབ་གཉེར་གྱི་བྱ་བར་གཞོལ་བའི་བཙུན་པ་ཞིག་ཡོད། ཁོ་ཡུལ་དེའི་བུ་མོ་ཞིག་མཐོང་ནས་སེམས་ལ་རང་དབང་མ་བྱུང་བས། ཡིན་གཅིག་བུ་མོ་དེ་ཐུག་ཐབས་དང༌། ཐུག་ཚེ་འདོད་གཏམ་བརྗོད་འདོད་ཁོ་ན་ལས་དཔེ་ཆར་ཡིད་མི་ཆགས་ཤིང་མཚན་གྱི་རྨི་ལམ་དུའང་བུ་མོ་དེ་ཁོ་ན་རྨིས་པས། ངེས་པར་དུ་བུ་མོ་དེ་ལག་ཏུ་ཨེ་རག་བལྟ་དགོས་སྙམ། ཏག་ཏག་ཉིན་ཞིག་བུ་མོ་དེ་དགོན་པར་ཡོང་བ་ཁོས་རིག་ནས་ལམ་དུ་བསྒུགས་ནས་ཁོ་མོར་འཁྲིག་ཚིག་བརྗོད་པས། མོ་སྐྲག་ནས་ཕྱིར་ནུད་བྱས་པས་རྩིག་རགས་ཤིག་གི་ཁུག་ཏུ་ཁོས་བཀར། བུ་མོས་ཁྱོད་རང་གྲ་པ་མ་རེད་པས། ཁོས་ང་མི་ཡིན་ཟེར་ནས་བུ་མོ་དེར་འཁྱུད་ནས་གང་སར་འོ་བྱས་པས། བུ་མོས་འབུད་རྒྱག་བརྒྱབ་ནས་ཁྱོད་རང་སངས་རྒྱས་ཀྱི་ན་བཟའ་བཞེས་མཁན་མ་རེད་པས། དེ་འདྲ་གནང་ཆོག་གམ་ཟེར་བར། ཁོས་འདི་སངས་རྒྱས་ཀྱི་ན་བཟའ་མ་རེད། ངའི་ཨ་མས་རྩེད་ཐང་ནས་ཉོས་པ་རེད། རྩེད་མོ་རྩེད་ཆོག་དང་ཆོག་ཟེར་ནས་སླར་ཡང་བུ་མོར་འཁྱུད་རྩིས་བྱས་པར། ཁྱོད་རང་འདི་འདྲ་གནང་ན་གྲ་སར་གནས་ཀྱི་མ་རེད། སྐུ་ཞབས་ཟེར་ནས་བྲོས་རྩིས་བྱེད་སྐབས། ཁོས་བུ་མོའི་ལག་པ་ནས་བཟུང་སྟེ། ང་གྲ་ས་མི་དགོས་གྲོང་ས་ལ། མི་གནས་ནའང་མི་གནས། ཟེར་ནས་འཁྱུད་པར། འདི་འདྲ་མ་གནང་ཁྱེད་རང་བཀའ་ལོག་གི་མ་རེད་པས་ཟེར་དུས། ཁོས་ང……ང་……བཀའ་མི་དགོས་རྐུབ་ལུག་ནའང་ལུག སྐུ་མཁྱེན། ཟེར་ནས་དྲག་ཏུ་འཁྱུད་པས་བུ་མོས་འཕག་ཚག་རྒྱག་གིན། སྐུ་ཞབས། དེ་འདྲ་མ་གནང་དང༌། རྩིག་རགས་ལོག་པ་འདུག་ཟེར་དུས། ཁོས་རགས་མི་དགོས་རི་ལོག་ནའང་ལོག ཟེར་ནས་མི་གློད་པར་སྣང་ངོ༌།