རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཟླ་3ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ཚོགས་འདུ་འཚོགས་ཤིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་ད་ཆ་རྒྱལ་ཡོངས་སུ་དཔྱིད་རྨོད་དཔྱིད་གྲབས་ཀྱི་བྲེལ་འཚུབ་ཆེ་བའི་དུས་སུ་སླེབས་ཡོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོགས་འདུ་འཚོགས་ནས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལས་དོན་ལ་བཀོད་སྒྲིག་བྱ་རྒྱུའི་དགོས་པ་ཧ་ཅང་ཆེན་པོ་ཡོད།མིག་སྔར་དཔལ་འབྱོར་གྱི་དུས་བབ་རྙོག་འཛིང་ཆེ་བས་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་དཔལ་འབྱོར་འཕར་ཚད་དང་ཁྲོམ་རའི་ཟོག་གོང་བརྟན་པོ་ཡོང་རྒྱུའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།གྲ་སྒྲིག་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྤྱོད་དངོས་རྫས་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་རྒྱུ་འགན་ལེན་བྱེད་དགོས།ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས།དཔྱིད་དུས་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་དང་།དཔྱིད་འདེབས་རྒྱ་ཁྱོན་དོན་འཁྱོལ་བྱེད་པ།ཞིང་ལས་དུས་ཚོད་མི་འཕྱུགས་པ་བཅས་བྱས་ཏེ་དབྱར་འབྲུ་དང་ལོ་ཧྲིལ་པོའི་ཞིང་ལས་ལ་ལོ་ལེགས་ཡོང་བའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་བཀོད་སྒྲིག་ཚགས་ཚུད་པོ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ཀྱི་གཡུལ་འགྱེད་ཡག་པོ་རྒྱག་པ་དང་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཞིང་པར་རྒྱུན་མཐུད་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།