རྩོམ་པ་པོ།   བསོད་ནམས་ཀྱིས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   
བདེ་ཆེན་རྫོང་ཡན་མིང་ཤང་ཐང་ལ་སྲིད་འཛིན་གྲོང་སྡེའི་ལུང་པ་གྲོང་སྡེའི་སྐྱེ་ཁམས་གསོ་སྤེལ་ར་བ་ནི་ཉེ་འཁོར་དུ་སྐད་གྲགས་ཁྱབ་པའི་ཕག་པའི་གསོ་སྤེལ་ར་བ་ཞིག་ཡིན།ང་ཚོ་གསོ་སྤེལ་ར་བར་ཞུགས་དུས།གཙང་ཞིང་གྲ་སྟར་སྒྲིག་པའི་གསོ་སྤེལ་ཁང་ང་ཚོའི་མདུན་དུ་མངོན་འདུག ང་ཚོ་གསོ་སྤེལ་ཁང་དུ་ཞུགས་མ་ཐག རྒྱུན་ལྡན་གྱི་ཕག་པའི་འགོས་ནད་ལ་ཞིབ་བཤེར་བྱས་ཏེ་གསོ་སྤེལ་ཁང་ནས་ཕྱིར་ཐོན་པའི་བདག་པོ་སྐྱ་ཐོ་དང་འཕྲད་བྱུང་།
ད་ལོར་ལོ་ན་སུམ་ཅུ་ལྷག་ཟིན་པའི་སྐྱ་ཐོས་ཕག་པའི་གསོ་སྤེལ་སྐོར་གླེང་དུ་ཧ་ཅང་སྤྲོ་པོ་འདུག “ཉེ་བའི་ལོ་འགའི་རིང་ལ།རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདུག་པས།གྲོང་གསེབ་ཀྱི་ཐོན་ལས་ལ་ཧ་ཅང་མཐོང་ཆེན་གནང་ཡོད།ང་རང་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་མཚོན་ན་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་ཞིག་བྱེད་དགོས་པ་མ་ཟད།ད་དུང་ཉེ་འཁོར་གྱི་ཞིང་པའི་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་དུ་འཇུག་དགོས།” ཁོང་གིས་མུ་མཐུད་ནས་བཤད་དོན། “ཕག་པ་མ་གསོ་བའི་སྔོན་དུ།ལུང་པའི་གྲོང་མི་ཡོངས་ཀྱིས་ནས་དང་མ་རྨོས་ལོ་ཏོག གྲོ་སོགས་ཞིང་ལས་ལོ་ཏོག་འདེབས་འཛུགས་བྱས་ནས་ཡོང་འབབ་འཕར་ཐབས་བྱས་པས།ལོ་རེའི་ཡོང་འབབ་སྒོར་ 1000 ནས 2000 བར་མ་གཏོགས་ལོན་ཐུབ་པ་མ་རེད།ད་ལྟ་གྲོང་མི་མང་ཤོས་ཀྱིས་ཕག་པ་གསོ་སྤེལ་བྱས་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་ 2 ནས་ 3 བརལོན་ཐུབ་པ་རེད་དེ།ཡོང་འབབ་ལྡབ་བཅུ་ལྷག་འཕར་ཡོད།ངས་དང་ཐོག་ཕག་པ་ 24 གསོས་པས།ཡོང་འབབ་མི་ཉུང་བ་ཞིག་རག་བྱུང་།རྗེས་སུ་གསོ་སྤེལ་གྱི་གཞི་ཁྱོན་རྒྱ་སྐྱེད་བཏང་བ་དང་སོན་བཟང་ཕག་ནང་འདྲེན་བྱས་པ།ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་སློབ་སྦྱོང་བྱས་པ་སོགས་ལ་བརྟེན་ནས་གསོ་སྤེལ་གྱི་ཕན་འབྲས་མངོན་གསལ་དོད་པོར་མཐོ་རུ་འཕར་བྱུང་།ད་ལྟ་ལོ་རེར་ཕག་པ་མགོ་གྲངས་ 400 ཙམ་གསོ་སྤེལ་བྱེད་ཐུབ་ཅིང་། ཕག་པའི་གསོ་སྤེལ་ར་བར་ཕག་པའི་མགོ་གྲངས་200ལྷག་གསོ་ཚགས་བྱེད་ཐུབ་པ་བྱུང་།”
ང་ཐོག་ཕག་པ་གསོ་སྤེལ་བྱེད་དུས་རིམ་ཁག་ཏང་ཨུ་སྲིད་གཞུང་གིས་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་རེད།གལ་སྲིད་རིམ་ཁག་ཏང་ཨུ་སྲིད་གཞུང་གིས་རྒྱབ་སྐྱོར་གནང་མེད་ཚེ་ང་ལ་ཕག་པའི་གསོ་སྤེལ་གྱི་གྲུབ་འབྲས་འདི་ལྟ་བུ་ཞིག་ཐོབ་དཀའ་མོ་རེད།” ང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་རམ་དང་རྒྱབ་སྐྱོར་གནང་བར་སྐྱ་ཐོས་སྐུ་དྲིན་ཧ་ཅང་ཆེ་ཞུས་པ་རེད།
སྐྱ་ཐོ་ཡིས་རང་ཉིད་ཀྱིས་ཕག་པ་གསོ་བའི་དུས་མཚུངས་སུ། ད་དུང་ཉེ་འཁོར་གྱི་ཞིང་པས་ཕག་པ་གསོ་བར་སྐུལ་ཁྲིད་བྱས་ཤིང་།ཁོང་གིས་སྣེ་ཁྲིད་འོག་ཡན་མིང་ཤང་གི་ཕག་པའི་གསོ་སྤེལ་མཐུན་ཚོགས་བཙུགས་པ་རེད།ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།ད་ལྟ་ཕག་པའི་གསོ་སྤེལ་མཐུན་ཚོགས་ཀྱི་ཁོངས་མི་ 17 ོད་ལ།མཐུན་ཚོགས་ཀྱི་ཁོངས་མིའི་ཕག་པ་གསོ་བའི་ཕན་འབྲས་ཀྱང་མུ་མཐུད་དུ་མཐོ་རུ་འཕར་ཡོད།དཔེར་ན།ལྕགས་ཆེན་སྟེང་གྲོང་སྡེའི་གྲོང་མི་ཨ་དབྱིན་ཚང་ལ་མཚོན་ན།ཁྱིམ་ཚང་ལ་མོ་རང་དང་བུ་ཕྲུག་གཅིག་མ་གཏོགས་མེད་ཀྱང་མོས་ཕག་པ་གསོ་སྤེལ་བྱས་པར་བརྟེན་ནས་བུ་ཕྲུག་སློབ་གྲྭ་ཆེན་མོར་བསྐྱལ་བ་མ་ཟད་ད་དུང་ཁང་པ་གསར་པའང་བསྐྲུན་ཡོད་པ་རེད།
ལོ་ངོ་མང་པོས་ཕག་པ་གསོ་སྤེལ་བྱས་པར་བརྟེན་ནས་སྐྱ་ཐོ་ལ་ཕྱུག་འགྱུར་གྱི་གོ་སྐབས་ཐོབ་པ་མ་ཟད་ད་དུང་ཕག་པའི་གསོ་སྤེལ་གྱི་ཤེས་བྱ་དང་ཉམས་མྱོང་གང་མང་ཞིག་ཕྱོགས་བསྡུས་བྱས་ཐུབ་པས།ཉེ་རིང་དུ་སྐད་གྲགས་ལྡན་པའི་ཕག་པའི་ཚོང་དཔོན་དུ་གྱུར་ཅིང་ཡན་མིང་ཤང་གི་ཕག་པ་གསོ་སྤེལའཇོན་པོར་གྱུར་པ་རེད། མ་འོངས་པར་ཕག་པའི་གསོ་སྤེལ་གྱི་འཆར་གཞི་གླེང་དུས།ཁོང་གིས་ཕག་པའི་གསོ་སྤེལ་གྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་བཏང་ནས་དེ་བས་ཆེ་བའི་ཕག་པའི་གསོ་སྤེལ་ར་བ་འཛུགས་རྒྱུའི་འདོད་མོས་བསྟན་པ་རེད།