བོད་མིའི་རྒྱན་ཆས་བཤད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།



        སྤྱིར་བོད་ཀྱི་རྒྱན་ཆས་ལ་གཙོ་བོར་གཟི་དང་། བྱུ་རུ། གཡུ་ལ་སོགས་པ་རྡོ་རིགས་ཀྱི་རིན་པོ་ཆེ་ལས་བཟོས་པའི་རྒྱན་ཆ་རིགས་དང་། གསེར་དང་དངུལ་ལ་སོགས་པ་ལྕགས་རིགས་ཀྱི་བཟོས་པའི་རྒྱན་ཆ་རིགས་མི་འདྲ་བ་མང་པོ་ཡོད་པ་འདི་དག་ལ་ནང་གསེས་སུ་དབྱེ་ན། མགོ་རྒྱན་དང་། སྐྲ་རྒྱན། རྣ་རྒྱན། སྐེ་རྒྱན། ལག་རྒྱན། སྐེད་རྒྱན་བཅས་ཀྱི་དབྱེ་བ་ཡོད་པ་རེད། མགོ་རྒྱན་མང་ཆེ་ཤོས་བུད་མེད་ཀྱིས་འདོགས་ཆས་ཡིན་ཞིང་། སྤོས་ཤེལ་ལ་བྱུ་རུའི་ཆ་ཏོག་དང་བཅས་པ་དང་། མགོ་གཡུ། གསེར་དངུལ་གྱི་རྒྱན་རིགས་སྣ་ཚོགས་དང་། དེ་ལ་རིན་ཆེན་རིགས་ཀྱི་ཁྲ་སྣ་ཚོགས་སྤྲས་པ་ཡོད་པ་རེད། རྣ་རྒྱན་ལ་གསེར་དངུལ་ལས་བཟོས་པའི་རིགས་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་ལ་རྣ་ལུང་ཟེར། སྐེ་རྒྱན་ལ་གཟི་བྱུར་རིགས་གཙོ་བོར་བྱས་པའི་རིན་ཆེན་སྣ་ཚོགས་ཀྱི་སྐེ་ཞགས་ཀྱི་དབུས་སུ་གསེར་དངུལ་འདྲེས་མར་བཟོས་པའི་གའུ་དང་བཅས་པ་དེ་ལ་སྐེ་སེ་ཞེས་ཟེར། ལག་རྒྱན་ལ་བ་སོ་ལས་བཟོས་པའི་གཙོ་བོ་དང་། གཞན་ཡང་གཡང་ཊི་དང་། ཛུལ། བྱུ་འདྲ་བཅས་ཀྱིས་བཟོས་པའི་ལག་གདུབ་སྣ་ཚོགས་དང་། གསེར་དངུལ་ལས་བཟོས་པའི་མཛུབ་དཀྲིས། འགུ་ཡ་སོགས་མང་པོ་ཡོད་པ་རེད། སྐེད་རྒྱན་ལ་གསེར་དངུལ་གྱིས་བཟོས་པར་ཁུག  མྱེ་ཆ། སྐེད་རགས་ཆ་མ་ལ་སོགས་པ་ཡོད་པ་རེད། དེ་ལས་མྱེ་ཆ་ནི་ཕོ་ཆས་ཡིན་སྟབས་བུད་མེད་ཀྱིས་འདོགས་སྲོལ་མེད། སྐྱེས་པའི་རྣ་རྒྱན་ལ་ཝ་ཟླ་ཟེར། གཞན་ཡང་ཕོ་རྣམས་ཀྱིས་མགོ་སྐྲ་ལྷས་རྗེས་སྐྲ་ཚར་དམར་པོ་དང་། ནག་པོ་ཡང་འདོགས་སྲོལ་ཡོད་པ་དང་། བུད་མེད་རྣམས་ཀྱི་སྐྲ་ལྷས་ཚུལ་ཡུལ་སོ་སོའི་སྲོལ་མི་འདྲ་བ་ཡོད་པ་རེད། རྒྱན་འདོགས་ཚུལ་དང་། རྒྱན་ཆ་བཟོ་ཚུལ་ལའང་ཡུལ་སོ་སོ་མི་འདྲ་བ་བརྒྱ་ཕྲག་ལྷག་ཡོད་པ་དེ་དག་ཞིབ་པར་ཡུལ་སོ་སོའི་སྤྱོད་པ་ལས་ཤེས་པར་གྱིས་ཤིག  བོད་རིགས་བུད་མེད་ཀྱི་སྐྲ་རྒྱན།