ཀན་ལྷོ་ཁུལ་གྱི་བོད་པའི་རྒྱན་གོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།

        རྒྱན་གོས་ནི་མི་རིགས་གང་རུང་ཞིག་དང་ས་ཁུལ་ག་གེ་མོའི་རིག་གནས་དང་འཚོ་བའི་གོམས་གཤིས་མཚོན་བྱེད་ཁྱད་པར་ཅན་ཞིག་རེད། ལོ་རྒྱུས་ཐོག་བྱུང་མྱོང་བའི་མི་རིགས་དེའི་འདས་དོན་དང་འཕོ་འགྱུར་གྱི་རིགས་རྣམས་རང་རང་གི་རྒྱན་གོས་ཐོག་ནས་མདོ་ཙམ་བསྟན་ཐུབ་པས་ན། རྒྱན་གོས་ནི་མི་རིགས་ཀྱི་ལོ་རྒྱུས་བརྟག་དཔྱད་བྱེད་སྐབས་ཀུན་གྱིས་དཔྱད་གཞིར་བཟུང་སའི་དངོས་དཔེ་ཁྱད་པར་ཅན་ཞིག་རེད།
        བོད་པའི་རྒྱན་གོས་ལ་ཡང་རིགས་སུ་དབྱེ་ན་སེར་ཆས་དང་སྐྱ་ཆས་གཉིས་ཡོད། སྐྱ་ཆས་ནི་འཇིག་རྟེན་པ་རྣམས་ཀྱི་རྒྱན་གོས་ལ་ཟེར་བས། དེར་ཡུལ་བབ་དང་ས་བབ་མི་འདྲ་བའི་དབང་གིས་རིགས་དང་རྣམ་པ་མི་འདྲ་བ་མང་པོ་ཡོད། ཨ་མདོ་ས་ཁུལ་གྱི་གྲུབ་ཆ་གཙོ་བོའི་གྲས་སུ་གྱུར་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་རྣམས་ཀྱི་རྒྱན་གོས་ནི་དེ་བས་མི་འདྲ་བ་ཞིག་ཡོད། 
        དེ་རྣམས་ཆགས་སའི་ས་བབ་དེ་ཡང་ལྷོ་ཕྱོགས་མཐོ་ལ་བྱང་ཕྱོགས་དམའ་བ་སྟེ། ལྷོ་ནས་བྱང་བར་གྱི་མཐོ་ཚད་དེ་སྨི་༤༠༠༠ནས་༡༠༠༠བར་རིམ་པས་དམའ་རུ་སོང་ནས་སྐས་རིམ་ལྟ་བུའི་ས་བབ་ཆགས་ཡོད། དེར་བརྟེན་ལྷོ་ངོས་ས་མཐོའི་རྒྱུད་ལ་འབྲོག་ལས་དང༌། བར་དུ་ས་མ་འབྲོག བྱང་ངོས་ཀྱི་ས་བབ་དམའ་སར་ཞིང་ལས་དར་ཁྱབ་ཆེ་བས་ན། ས་བབ་དང་གནམ་གཤིས་མི་འདྲ་བའི་དབང་གིས་ཡུལ་དེ་གའི་རྒྱན་གོས་ལའང་རིགས་དང་རྣམ་པ་མི་འདྲ་བ་ཧ་ཅང་མང་ལ། དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་རྒྱན་གོས་རིགས་མི་འདྲ་བ་༨༦ཡོད་སྐད་འདུག
        རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་ལ་སོགས་པའི་འབྲོག་ཁུལ་གྱི་རྒྱན་གོས་རྣམས་ལྩི་ལ་མཐུག་པ་དང་བསང་ཆུ་རྫོང་ཁོངས་ཀྱི་རྒྱན་གོས་རྣམས་ཡང་ལ་སྟབས་བདེ་བ་ཞིག་ཡོད། དེ་གའི་བུད་མེད་རྣམས་ཀྱི་སྐྲ་བཟོ་སྟངས་དེ་ཡང་“སྤ་ལོ”ཞེས་པའི་ཁོངས་སུ་གཏོགས་ཏེ། སྐྲ་རྣམས་ལྷས་མ་ཕྲ་མོ་མང་པོར་ལྷས་ནས། དཔུང་རྒྱབ་ཏུ་དཔྱང་པའི་རྩེ་མོ་རྣམས་གཞི་གཅིག་ལ་སྒྲིལ་ཏེ་ཏུང་ལྕོག་སྒྲོན་པ་མ་ཟད། དེའི་སྟེང་ངོས་སྤོས་ཤེལ་དང༌། གཡུ་དང་བྱུ་རུ། གསེར་གའུ་ལ་སོགས་ཀྱི་རྒྱན་ཆ་སྒྲོན་པ་མང༌། དབྱར་དུས་སུ“རས་ལྭ་”ཞེས་པའི་རས་ཀྱི་ཕྱུ་པ་གྱོན་པ་དང༌། སྟོན་དཔྱིས་གཉིས་སུ་ཚ་རུའི་པགས་ཚག་གྱོན་གྱི་ཡོད། པགས་ཚག་གི་གྱོན་ཆས་མང་ཆེ་བར་སྲམ་ལྤགས་དང་སྟགས་ལྤགས་གཟིགས་ལྤགས་ཀྱི་མཐའ་རྒྱན་གཏོང་སྲོལ་ཡོད། དེ་ཡང་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པའི་དུས་འགོར། བཙན་པོས་བོད་ཀྱི་ས་ཆ་མང་པོ་ཞིག་ལ་དམག་བཏང་ནས། ཕྱོགས་བཞིའི་རྒྱལ་ཕྲན་ཡོད་དགུ་རང་གི་ཆབ་འོག་ལ་བཅུག་ནས།  རྒྱལ་ས་ལྷ་སར་སྤོས་པའི་རྗེས། མཛད་རྗེས་ཡོད་པའི་བློན་དམག་རྣམས་ལ་རང་གི་མཛད་པ་ཆེ་ཆུང་ལ་དཔག་པའི་དཔའ་རྟགས་སུ་གཏང་མ་རེ་གནང་རྒྱུའི་སྲོལ་ལམ་བཟང་པོ་གཏོད་པ་མ་ཟད། མཛད་རྗེས་ཆེ་ཤོས་ལ་སྲམ་ལྤགས་ཀྱི་གཏང་མ་དང༌། འབྲིང་བར་སྟག་ལྤགས་ཀྱི་གཏང་མ། ཆུང་བར་གཟིག་ལྤགས་ཀྱི་གཏང་མ་སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད། དེས་རྗེས་དུས་ཡུན་རིང་པོའི་དམག་འཁྲུག་གི་ལག་ལེན་ནང༌། གཏང་མ་དེ་རིགས་འཁྱེར་བདེ་བའི་ཆེད་དུ་ལས་དམག་རྣམ་པས་རང་གི་གྱོན་ཆས་ཐོག་བཙེམ་ནས་མུ་མཐུད་དམག་འཐབ་ཀྱི་ལས་ལ་ཞུགས་སྟབས། རིམ་པས་རྒྱན་ཆ་དང་མཛེས་རྒྱན་ལྟ་བུར་གྱུར་ཏེ། དམངས་ཁྲོད་དུ་དར་ཁྱབ་བྱུང་བ་མ་ཟད། འབྲོག་པ་རྣམས་ཀྱིས་ད་ལྟའང་འཛིན་སྐྱོང་གནང་བ་རེད། འཛམ་གླིང་གི་སྔོན་ཐོན་མི་རིགས་ཚང་མས་རི་དྭགས་དང་གཅང་གཟན་གྱི་པགས་རིགས་གྱོན་དུ་སྤྱད་པ་དེ་མ་རབ་དང་རྗེས་ལུས་ཀྱི་ཚུལ་དུ་བརྩི་བར་རྒྱུ་མཚན་གཏིང་ཟབ་ཡོད་པ་ཀུན་གྱིས་ཤེས་རུང༌། རང་ཅག་བོད་པ་རྣམས་ཀྱིས་མུ་མཐུད་དེ་ལྟར་བྱེད་དགོས་དོན་ནི་དང་ཐོག་ས་བབ་དང་འབྲེལ་བ་ཡོད་པ་དང་གཉིས་ནས་པགས་ཚག་གི་རིགས་ལ་མཐའ་རྒྱན་མེད་ན་བོད་ཆས་ཀྱི་ཉམས་ཤོར་གྱི་ཡོད་པ་དང་འབྲེལ་བ་ཡོད་ངེས་རེད།