འབའ་ལུང་རྫོང་གིས་ཞིང་ཆེན་རིམ་པའི་ཞིང་ལས་ཕྱོགས་བསྡུས་གསར་གཏོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-09   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ནན་ཏན་གྱིས་སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་གོ་རིམ་བརྒྱུད་ནས།ཉེ་སྔོན།འབའ་ལུང་རྫོང་གི་ 2012 ལོའི་པའེ་ཅི་ཞུན་ཤང་ཐུང་ཝེ་གྲོང་སྡེས་ས་ཞིང་བདག་སྐྱོང་འཛུགས་པའི་རྣམ་གྲངས་ལག་བསྟར་བྱས་པ།རྣམ་གྲངས་ཀྱིས་སྤྱིའི་མ་དངུལ་སྒོར་ཁྲི་245.2བཏང་བ (ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི་220དང་རང་གྲབས་མ་དངུལ་སྒོར་ཁྲི་25.3) སྔོན་རྩིས་བྱས་པ་ལྟར་ན་ད་ལོའི་ཟླ་9པའི་ཟླ་དཀྱིལ་དུ་ཨར་ལས་འགྲུབ་རྒྱུ་ཡིན།
        རྣམ་གྲངས་འདི་ལ།པའེ་ཅི་ཞུན་ཤང་ཐུང་ཝེ་གྲོང་སྡེའི་ཟངས་ཁྲང་གི་ཆུ་འདྲེན་ལྕགས་མདོང་གཙོ་བོ་སྨི་4200དང་།ཡན་ལག་ལྕགས་མདོང་སྨི་3900     ཞིང་ཁའི་ཆུ་འདྲེན་སྨི་3350  དེང་རབས་ཅན་གྱི་སྔོ་ཚལ་གྱི་ཆུ་ཤོག་གུར་ཆེན་16བཙུགས་ཤིང་།རྒྱ་ཁྱོན་སྨི་གྲུ་བཞི་2727ལ་ཟིན་པ།ཐུང་ཝེ་གྲོང་སྡེས་མཐོངས་ཡངས་སྔོ་ཚལ་མུའུ་50བཙུགས་པར་སྣེ་ཁྲིད་བྱས་པ་དང་།མཐའ་སྐོར་ས་ཆའི་ཞིང་དུད་གཞན་པས་སྔོ་ཚལ་མུའུ་200བཙུགས་པར་སྣེ་ཁྲིད་བྱས་ཡོད་པ་རེད།