བདེ་ཆེན་རྫོང་ཡུན་ལིང་ཤང་གིས་ཤོ་བུ་ངལ་གསོ་བཏང་བ་དང་གྲོང་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ལ་གཟེངས་བསྟོད་བྱས་པ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར་ཞུས།  ཡིག་བསྒྱུར།       དུས་ཚོད།   2013-04-11   རྩོམ་ཁུངས།   

        ཉེ་སྔོན།བདེ་ཆེན་རྫོང་ཡུན་ལིང་ཤང་གི་ཤར་ཏང་དང་ལུང་འཛོམས་གྲོང་སྡེའི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་གྱོ ན་ནས།དགའ་བའི་ངང་མཉམ་འཛོམས་བྱས་ཏེ།སྲོལ་རྒྱུན་གྱི་ཤོ་བུ་ངལ་གསོ་ལ་རྟེན་འབྲེལ་ཞུས་པ་དང་གྲོང་སྡེ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ལ་གཟེངས་བསྟོད་བྱས་པ་རེད།
         ཐེངས་འདིའི་བྱེད་སྒོ་ནི།ཡུན་ལིང་ཤང་ཏང་ཨུ་དང་སྲིད་གཞུང་།ཤར་ཏང་གྲོང་སྡེའི“ཨུ་གཉིས”ཀྱིས་གཙོ་འགན་སྒྲུབ་པ།ཁ་བ་དཀར་པོ་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་སྒྲུབ་འགན་ཁས་ལེན་བྱས་པ།བདེ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་མི་དམངས་འཐུས་མིའི་ཚོགས་ཆེན།འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད།   “གྲོང་སྡེ་ཡོངས་ཀྱི་མི་དམངས་དགའ་བའི་ངང་མཉམ་དུ་འཛོམས་ནས་གཟབ་མཆོར་གྱོན་ཞིང་གླུ་གར་འཁྲབ་སྟེ།མི་སེར་ཚང་མའི་འཚོ་བ་སྐྱིད་པོར་གྱུར་བ་དང་།ཏང་གི་སྲིད་ཇུས་ཡག་པའི་རྐྱེན་ང་ཚོ་མཉམ་དུ་ཕྱུག་འགྱུར་ཐུབ་པ།གཞུང་ལམ་གྲོང་སྡེར་སླེབས་པ་དང་།མི་སེར་ཚང་མས་གློག་ཆས་སྤྱོད་ཐུབ་པ་རེད།དེ་ལས་གཙོ་ཆེ་བ་ནི།ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ང་ཚོའི་འཚོ་བར་གནམ་ས་བླ་འོག་སྒྱུར་བའི་འཕོ་འགྱུར་བྱུང་བ་རེད།”ངལ་རྩོལ་དཔེ་བཟང་ཨ་ནམས་གྲུབ་ཀྱིས་དགའ་བའི་ངང་དེ་ལྟར་བཤད་པ་རེད།ཁོང་ནི་གླེགས་སྤུངས་གྲོང་སྡེའི་ཕྱུག་འགྱུར་སྣེ་ཁྲིད་པ་རེད།ཁོང་གིས་ཐོག་མར་གླེགས་སྤུངས་གྲོང་སྡེར་འགྲུལ་ཁང་ཞིག་བཙུགས་ཏེ།ལོ་འགའི་རིང་ལ།ཁོང་གི་འགྲུལ་ཁང་རིམ་བཞིན་དུ་གཞི་ཁྱོན་ཆེ་རུ་སྐྱེད་དེ།སྔོན་མའི་འགྲུལ་ཁང་ཆུང་བ་ནས་ད་ལྟའི་ཡུལ་སྐོར་སྣེ་ལེན་བྱེད་ཚད་ཉིན་རེར་མི་ཐེངས་200ལྷག་ཟིན་པའི་འགྲུལ་ཁང་ཆེ་མོར་གྱུར་ཡོད།ཁོང་གིས་གསར་འགོད་པར་བཤད་དོན།ད་ལྟ་ལོ་རེའི་ཡོང་འབབ་མ་མཐར་སྒོར་ཁྲི་40ནས་50ལ་ཟིན་ཐུབ་པ་རེད། 
        གཞན་ཡང་། ཤར་ཏང་གྲོང་སྡེའི་ཨ་བུ་ཡང་ངལ་རྩོལ་དཔེ་བཟང་ཞིག་རེད།ཁོང་གིས་ཁ་བ་དཀར་པོའི་ཡུལ་སྐོར་གསར་གཏོད་ལ་བརྟེན་ནས།གྲོན་དངུལ་འཚོལ་ཞིང་འགྲུལ་ཁང་བཙུགས་ཏེ།ཡོང་འབབ་ཀྱང་མང་པོ་ཐོབ་པ་རེད།
 བྱེད་སྒོས་དྲ་བླུག་སྤོ་ལོའི་འགྲན་བསྡུར་དང་།ཤུགས་འགྲན་ཐག་འཐེན་སོགས་ལུས་རྩལ་བྱེད་སྒོ་སྣ་རིགས་མང་པོ་སྤེལ་ཞིང་།ཚེས་28ཉིན་གྱི་དགོང་མོར།ངོ་མཚར་ཆེ་བའི་རིག་རྩལ་དགོང་ཚོགས་ཞིག་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད།