ཀུང་ནུང་གྲོང་སྡེའི་མང་ཚོགས་ཀྱིས་ཡོང་སྤར་བྱུང་རྒྱུར་སྐུལ་འདེད་བཏང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཀུང་ནུང་གྲོང་སྡེའི་ཞིང་ཁ་དང་མུ་ཁ་རུ།བོད་རིགས་དང་ལི་སུའུ་རིགས་ཀྱི་མང་ཚོགས་ཀྱིས་མཉམ་དུ་ལས་བྲེལ་ཆེན་པོ་བྱེད་བཞིན་ཡོད་པ་དང་།ཁོ་ཚོས་ཕན་ཚུན་ལ་ཀྱི་ལྕེ་དང་།འབྲས།མ་རྨོས་ལོ་ཏོག་སོགས་ཀྱི་འདེབས་འཛུགས་ཉམས་མྱོང་སྤེལ་རེས་བྱས་པ།
        ཀུང་ནུང་གྲོང་སྡེ་ནི་མི་རིགས་མང་པོས་འདུས་སྡོད་བྱས་ཡོད་པའི་གྲོང་སྡེ་ཞིག་ཡིན་ཏེ།གྲོང་སྡེར་བོད་རིགས་དང་།ལི་སུའུ་རིགས།རྒྱ་རིགས་སོགས་མི་རིགས་ཡོད།ལི་སུའུ་རིགས་ཀྱི་དབྱི་མ་ལུའོ་ཡུལ་མི་ཚོ་ཆུང་གི་མང་ཚོགས་ཀྱིས་ཀྱི་ལྕེ་འཛུགས་པ་སོགས་ཀྲུང་དབྱིའི་སྨན་རྫས་ལ་བརྟེན་ནས་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་ཅིང་།རྩ་ཆེའི་ཉམས་མྱོང་གསོག་ཡོད་པ་རེད།
        སྤུན་ཟླའི་མི་རིགས་མཉམ་དུ་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པའི་ཆེད།ལི་སུའུ་རིགས་ཀྱི་དབྱི་མ་ལུའོ་ཡི་མང་ཚོགས་ཀྱིས་བོད་རིགས་གྲོང་སྡེ་ཏ་ཚུན་གྱི་མང་ཚོགས་ཀྱིས་གདན་འདྲེན་ཞུས་པ་ལྟར་ཀྱི་ལྕེ་འཛུགས་པའི་ལག་རྩལ་དང་ཉམས་མྱོང་སློབ་ཁྲིད་བྱས་པ་རེད།