ཙ་ལི་གྲོང་སྡེས་ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   

       སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་ལ།འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཙ་ལི་གྲོང་སྡེས་ཤུགས་ཆེན་པོའི་ངང་ཞིང་ལས་ཐོན་ལས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས།ཁོངས་གཏོགས་གྲོང་སྡེ་ནི་རོང་ཁུལ་དང་།རི་མ་ཀླུང་།རི་ཁུལ་བཅས་རིགས་གསུམ་དུ་བགོས་ཡོད་ཅིང་།རི་ཁུལ་གྱིས་སྨན་རྫས་འཛུགས་པའི་ལས་རིགས་གོང་སྤེལ་བཏང་བ་དང་།རི་མ་ཀླུང་གིས་སྦྲང་མ་གསོ་བའི་ཐོན་ལས་གོང་སྤེལ་བཏང་བ།རོང་ཁུལ་གྱིས་ཤུན་ལྡན་ཤིང་ཏོག་འཛུགས་པ་སོགས་ཀྱི་ལས་རིགས་གོང་སྤེལ་བཏང་བ་རེད།ལོ་འགའི་རིང་དུ་འབད་བརྩོན་བྱས་ནས།ཙན་ལི་གྲོང་སྡེའི་སྤྱི་ཁོག་གི་དཔལ་འབྱོར་གྱི་འཕེལ་ཚད་མཐོ་པོ་ཡོད་པ་རེད།
       ཉེ་སྔོན།གསར་འགོད་པ་ཙ་ལི་གྲོང་སྡེའི་ཀྲང་ཙི་ཡུལ་མི་ཚོ་ཆུང་གིས་སྨན་རྫས་འཛུགས་པའི་གནས་གཞིར་ཡོང་བ།མང་ཆེ་བའི་ཞིང་ཁར་མུའུ་ཞང་བཙུགས་ཡོད་པ་མཐོང་།སྨན་རྫས་འཛུགས་ཡོད་པའི་ཞིང་པ་ཞུང་ཀྲི་ཅེ་ཡིས་བཤད་དོན། ང་ཚོས་ 2009 ལོ་ནས་སྨན་རྫས་བཙུགས་འགོ་ཚུགས་ནས།ཐོག་མར་འདེབས་འཛུགས་ཀྱི་དོ་དམ་ལག་རྩལ་མི་ཤེས་པས་ལག་བསྟར་བྱས་པའི་ཁྲོད་དུ་ཉམས་མྱོང་གསོག་པ་མ་ཟད།ད་དུང་ཚན་རྩལ་གསོ་སྦྱོང་དུ་ཞུགས་ཡོད་དེ།ད་ལྟར་གཞི་རྩའི་མུའུ་ཞང་སོགས་ཀྲུང་དབྱིའི་སྨན་རྫས་འཛུགས་པའི་ལག་རྩལ་ཁོང་དུ་ཆུད་ཡོད།མུའུ་ཞང་གི་ཚོང་རའི་རིན་གོང་ནི་རྒྱ་མ་གང་ལ་སྒོར་ 3 ཡིན་ཞིང་།ཞུང་ཀྲི་ཅེ་ཡིས་ན་ནིང་སྒོར་  7000 འཚོང་བ་རེད།ཙ་ལི་གྲོང་སྡེའི “ཨུ་གཉིས” ཀྱི་འགན་ཁུར་བས་བསྟན་དོན།མ་འོངས་པའི་ལོ་འགའི་རིང་ལ། གྲོང་སྡེའི་ “ཨུ་གཉིས” ཀྱིས་ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་ནས། ཐོན་ལས་ཅན་གྱི་རོགས་སྐྱོར་རྣམ་གྲངས་ཀྱིས་ཁོངས་གཏོགས་ཡུལ་མི་ཚོ་ཆུང་13 ལ་ཁེབས་ཏེ། གྲོང་སྡེ་ཡོངས་ཀྱི་མང་ཚོགས་ལ་དབུལ་ཐར་ཕྱུག་འགྱུར་མངོན་དུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།