སྐབས་ལྔ་པའི་བོད་ལྗོངས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཟླ༨པར་འཚོགས་རྒྱུ་ཡིན་པ།

རྩོམ་པ་པོ།   བཀྲ་འདུལ་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། 

        གསར་འགོད་པས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཅུས་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནུབ་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་པ་དང་། དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་པའི་ཞང་ཞུང་རིག་གནས་དར་སྤེལ་གཏོང་པ། གོམ་གང་མདུན་སྤོས་སྒོས་ཞང་ཞུང་རིག་གནས་དང་འབྲེལ་བ་ཟབ་པའི་མངོན་མིན་ཤུལ་བཞག་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བཅས་བྱ་ཆེད། སྐབས་ལྔ་པའི་བོད་ལྗོངས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྤྱི་ཟླ༨པར་མངའ་རིས་ས་ཁུལ་ནས་འཚོག་རྒྱུ་ཡིན་པ་རེད།

        གནས་ཚུལ་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་རྒྱལ་ཁའི་ངང་ཐེངས་བཞི་ལ་འཚོགས་ཡོད་ཅིང་། མངའ་རིས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་དགའ་འོས་པའི་གྲུབ་འབྲས་ལོན་ཡོད་པ་མ་ཟད། དེ་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་མཚམས་སྦྱོར་གནང་རྒྱུར། སྐབས་ལྔ་པའི་བོད་ལྗོངས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྣམ་གྲངས་ལ་ཞིབ་བཤེར་མཆད་འགོད་བྱེད་བཞིན་པའི་སྒང་ཡིན་པ་དང་། ཚོད་རྩིས་ལྟར་ན་ད་ལོའི་སྤྱི་ཟླ༨པར་འཚོག་རྒྱུ་ཡིན་པ་རེད། སྐབས་དེ་དུས་ཡུལ་སྐོར་པར་ལེན་འགྲན་བསྡུར་དང་ཡུལ་སྐོར་རིག་གནས་གླེང་སྟེགས། ཡུལ་སྐོར་དྲན་རྟེན་དངོས་རྫས་འགྲན་བསྡུར་སོགས་ཡོད་ལ། གཞིས་ཀ་རྩེ་ས་ཁུལ་དང་ནག་ཆུ་ས་ཁུལ་དང་མཉམ་ལས་བྱས་པའི་ཡུལ་སྐོར་ལམ་ཐིག་མཉམ་འབྲེལ་སྒོས་ངོ་སྤྲོད་ཞུ་བའི་ནང་དོན་སོགས་ཡོད་པ་རེད།