རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། 2012 ལོར།བདེ་ཆེན་རྫོང་གིས་ནན་པོའི་ངང་གནས་བབ་ཡག་ཅིང་ཁྱད་ཆོས་ལྡན་པའི་ཐོན་ལས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།རྒུན་འབྲུམ་གྱི་ཐོན་ལས་དང་།ཀྲུང་དབྱིའི་སྨན་རྫས་ཀྱི་ཐོན་ལས།ནས་ཀྱི་ཐོན་ལས་སོགས་ཞིང་ལས་ཀྱི་རྒྱབ་རྟེན་ཐོན་ལས་གོང་སྤེལ་གཏོང་བར་བརྒྱུད་ནས།ཞིང་ལས་ཕན་འཕར་དང་ཞིང་པའི་ཡོང་སྤར་ལ་སྣེ་ཁྲིད་བྱས།
རྫོང་ཡོངས་ཀྱིས་རྒུན་འབྲུམ་མུའུ་ 11044.5 འཛུགས་ཚར་བ།ལོ་ཡོངས་ནས་གསར་འཛུགས་བྱེད་པའི་སྤུས་ལེགས་ཆང་སྙོལ་རྒུན་འབྲུམ་གནས་གཞིའི་རྒྱ་ཁྱོན་མུའུ་ 2130.5 ཟིན་པ།མ་དངུལ་སྒོར་ཁྲི་ 3217.77 གཏོང་ཞིང་།མཁོ་སྤྲོད་བྱེད་པའི་རྒུན་འབྲུམ་གྱི་ཆེད་སྤྱོད་དངོས་རྫས་སྒོར་ཁྲི་ 53 ཟིན་པ།རྫོང་ཡོངས་ཀྱིས་གསར་ཐོན་རྒུན་འབྲུམ་ཏུན་ 4000 ཙམ་ཉོ་སྒྲུབ་ བྱས་པ།ཞིང་དུད་ཀྱི་ཡོང་སྤར་སྒོར་ཁྲི་ 1440 དངོས་སུ་གྲུབ་ནས།སྔ་ལོ་ལས་ 47.61% འཕར་བ།ཀྲུང་དབྱིའི་སྨན་རྫས་ཀྱི་ཐོན་ལས་ལ་མ་དངུལ་སྒོར་ཁྲི་ 36 གཏོང་བ།ཀྲུང་དབྱིའི་སྨན་རྫས་འདེབས་པའི་རྒྱ་ཁྱོན་མུའུ་13186.8ལེགས་འགྲུབ་བྱུང་བ།
རྫོང་ཡོངས་ཀྱིས་གསར་སྣོན་རྒྱག་པའི་དགུན་ཁའི་ནས་འདེབས་པའི་རྒྱ་ཁྱོན་མུའུ་ 5093 དོན་འཁྱོལ་བྱས་ནས།ནས་རིགས་ཐོན་ཚད་མཐོ་བའི་དཔེ་སྟོན་བྱེད་ས་ཁག་ཅིག་བཙུགས་ཚར་བ།མུའུ་ 5093 གྱི་དགུན་ཁའི་ནས་ཀྱི་ཐོན་ཚད་བསྡོམས་གྲངས་ཏུན་ 1300 ཟིན་པས།ཐ་རྫས་ཀྱི་རིན་ཐང་སྒོར་ཁྲི་481ལ་ཟིན།ཚོང་ཟོག་ཏུ་གྱུར་ཚད་23.1%ཟིན་པས།གནས་གཞིའི་ཞིང་དུད་ཀྱི་ཡོང་སྤར་སྒོར་ཁྲི་111དངོས་སུ་གྲུབ་པ་རེད།