རྩོམ་པ་པོ།   ཚེ་རིང་གིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླའི་ཡོད་ཡིག་དྲ་བ། ཉེ་ཆར། ཁུལ་དངུལ་རྩའི་གཞུང་ལས་ཁང་དང་། མི་དམངས་དངུལ་ཁང་། དངུལ་ཁང་ལྟ་སྐུལ་ཅུས། ཞིང་ལས་འཕེལ་རྒྱས་དངུལ་ཁང་། བཟོ་ཚོང་དངུལ་ཁང་། ཞིང་ལས་དངུལ་ཁང་། ཀྲུང་གོའི་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། ཧྥུ་ཏན་དངུལ་ཁང་། ཞིང་ལས་ཡིད་རྟོན་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་། ཀྲུང་གོའི་མི་དམངས་རྒྱུ་ནོར་ཉེན་འགོག་མ་རྐང་ཚད་ཡོད་ཀུང་སི་དང་། མི་དམངས་ཚེ་སྲོག་ཉེན་འགོག་མ་རྐང་ཚད་ཡོད་ཀུང་སི་སོགས་སྡེ་ཁག་བཅུ་གསུམ་ནས་གྲུབ་པའི་དངུལ་རྩའི་ཞབས་འདེགས་གདོང་ལེན་རུ་ཁག་གིས་བདེ་ཆེན་ཁུལ་ཨུའི་རྩ་འཛུགས་པུའུ་དང་། གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུའི 《གུང་ཁྲན་ཏང་ཡོན་དང་གུང་གཞོན་ཚོགས་པ་རྩ་འཛུགས་བྱས་ནས་སྡེ་ཁུལ་དུ་བསྐྱོད་དེ་དང་བླངས་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐོར་གྱི་དོན་འཁྱོལ་ཇུས་འགོད》 དང་། མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། གཏིང་ཟབ་ཀྱིས་སེམས་ཀྱི་ཉི་ཟླ་རྫོང་མཁར་རྒྱལ་ཐང་གྲོང་རྡལ་བྱང་རྒྱུད་སྡེ་ཁུལ་དུ་བསྐྱོད་ནས། དངུལ་རྩའི་ཉེན་འགོག་དང་། དམངས་ཕན་རྣམ་གྲངས་དང་སྲིད་ཇུས། མི་དམངས་ཤོག་སྒོར་རྫུན་མ་ཡིན་མིན་གྱི་དབྱེ་བ་འབྱེད་པའི་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་པ་རེད།
བྱེད་སྒོ་སྤེལ་བའི་གོ་རིམ་ཁྲོད་དུ། དང་བླངས་པས་རང་ཉིད་ཀྱི་འཇོན་ཐང་མངོན་ནས། མི 500 ལྷག་ལ་དངུལ་རྩའི་ཤེས་བྱའི་འདྲི་རྟོགས་ཞབས་འདེགས་མཁོ་འདོན་བྱས་པ་མ་ཟད། དྲིལ་བསྒྲགས་དཔྱད་ཡིག 1000 ལྷག་བཀྲམས་ཤིང་ད་དུང་སྡེ་ཁུལ་གྱི་གཞུང་སྒྲུབ་སྒྲིག་ཆས་ཉོ་བའི་མ་དངུལ་སྒོར་ཁྲི1.5ཐག་གཅོད་པའི་རོགས་རམ་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང30ལ་འཚམས་འདྲི་བྱས་པ་དང་འཚམས་འདྲིའི་དངུལ་སྒོར་ཁྲི1.5གནང་བ་རེད།