རྩོམ་པ་པོ།   སྐལ་བཟང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   
ཆུང་དུས་ལ་ང་ལ་ཕུགས་བསམ་ཧ་ཅང་མང་པོ་ཞིག་ཡོད། ཡིན་ནའང་ད་ལྟར་ངའི་ཕུགས་བསམ་ནི་མ་འོངས་པར་དགེ་རྒན་ཞིག་བྱ་རྒྱུ་དེ་ཡིན། མི་ལ་ལས་ཕུགས་བསམ་ནི་སྒྲོན་མེ་གསལ་མོ་དང་འདྲ་ཞེས་ཟེར་མོད། འོན་ཀྱང་ངས་བལྟས་ན་ང་རང་ནི་གྲུ་གཟིངས་དང་། ཕུགས་བསམ་ནི་རླུང་གཡོར་ཡིན། ང་རང་གི་ཁྱིམ་ནི་གྲོང་པ་ཆུང་ཆུང་ཞིག་ན་ཡོད། ཆུང་དུས་ཕ་མས་ང་རང་སྡེ་བའི་སློབ་གྲྭ་རུ་བཏང་། དེ་དུས་དགེ་རྒན་ཚོས་ང་ཚོར་རྩེད་མོ་རྩེ་རུ་བཅུག་ནས་སློབ་ཁྲིད་འདི་ལྟར་ལེགས་པོ་བྱེད་ཀྱི་མེད།
ག་ལེར་ང་རང་བསམ་ཤེས་ཀྱི་བྱིས་པ་ཞིག་ལ་ནར་སོན་ཚེ། མི་ཞིག་ལ་རིག་གནས་མེད་ན་སུག་བཞི་ས་ལ་བཙུགས་པའི་དུད་འགྲོ་དང་ཁྱད་མེད་པ་ཤེས་བྱུང་ལ། དེ་དུས་ངའི་སེམས་སུ་དགེ་རྒན་ཞེས་པ་ནི་ཇི་འདྲའི་མི་སྡིག་ཅན་ཞིག་ཡིན་པའི་སྣང་བ་ཞིག་སྐྱེས་བྱུང་། རྗེས་ནས་ལྷ་སྒང་སློབ་ཆུང་ལ་ཐོན་རྗེས། ངའི་བསམ་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་སྟེ། འདིར་བཞུགས་ཀྱི་དགེ་རྒན་རྣམ་པས་རང་འཁྲིའི་ལས་དོན་གཙིགས་སུ་བཟུང་ནས་ང་ཚོར་སློབ་གསོ་དང་སློབ་ཁྲིད་གནང་བར་ཐུགས་བཞེས་རྒྱ་ཆེར་མཛད་ཅིང་། སློབ་མའི་དོན་དུ་ཡོད་ཚད་གཏོང་ཕོད་པའི་བླ་མེད་ཀྱི་ཐུགས་རྗེ་དངོས་སུ་འཇལ་བས་ནམ་ཞིག་ན་ང་རང་ཡང་དགེ་རྒན་ཚད་ལྡན་ཞིག་བྱ་བའི་དམིགས་འདུན་གྱི་རེ་སྨོན་སྙིང་ནས་སྐྱེས།
ད་ལྟ་ང་རང་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན། དུས་ད་ནས་སློབ་སྦྱོང་ལ་བརྩོན་པ་དྲག་པོ་གཞོལ་བ་དང་། མི་ཚེ་འདིའི་ལམ་བུར་དཀའ་ངལ་གང་མང་ཞིག་དང་འཕྲད་རྒྱུ་ཡོད་མོད་ཀྱང་། དེ་དུས་རང་གི་སེམས་སུ་འོད་སྟོང་འབར་བའི་ཕུགས་བསམ་འདི་ཉིད་སླར་ཡང་འཕྱུར་བས། དཀའ་ངལ་དེ་དག་ནི་གནས་སྐབས་ཀྱི་ལྗོངས་རྒྱུ་བ་ཞིག་དང་འདྲ་བར་རེ་ཞིག་མེད་པ་རུ་འགྱུར་སོང་ལ། ངས་རང་གི་གྲུ་གཟིངས་དེ་ལ་བརྟེན་ནས་དམིགས་པའི་རྒྱ་མཚོའི་ཕ་མཐའ་རུ་ཐོན་རྒྱུའི་གདོང་ཚོད་ཡོད་པ་དང་། དགེ་རྒན་བཟང་པོ་ཞིག་གི་ཕུགས་འདུན་གྱི་མེ་ལྕེ་ནམ་ཡང་སེམས་སུ་འབར།ལྷ་སྒང་སློབ་ཆུང་།