སྤང་རྒྱན་མེ་ཏོག་བོད་གོས་ཚོང་ཁང་གིས་དར་སྲོལ་ཅན་གྱི་བོད་གོས་སྣ་མང་བཟོས་ནས་བཙོང་བ།

རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།   ཡིག་བསྒྱུར།       དུས་ཚོད།   2013-04-14   རྩོམ་ཁུངས།   

      “ང་རང་མི་རིགས་ཀྱི་གོན་པ་ལ་ཤིན་ཏུ་དགའ་མོད།འོན་ཀྱང་གོས་རིགས་དེ་གྱོ ན་ན་་སྟབས་བདེ་མིན་པས།ལོ་གསར་དང་དུས་ཆེན་གཏོང་དུས་ཡང་གྱོ ན་མེད།ཉེ་ཆར་སྤང་རྒྱན་མེ་ཏོག་བོད་གོས་ཚོང་ཁང་གིས་བཙོང་བའི་སྟབས་བདེ་ཞིང་རྣམ་པ་གསར་བའི་བོད་གོས་འདི་ལ་ང་རང་ཤིན་ཏུ་དགའ་པོ་བྱུང་ཡོད།”སྟོད་གོས་འདེམས་སྒྲུག་བྱེད་བཞིན་པའི་རྒྱལ་ཐང་བུ་མོས་གསར་འགོད་པར་འདི་ལྟར་བཤད་བྱུང་། 
       ཉེ་སྔོན།སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་བོད་གོས་ཚོང་ཁང་མང་བོས་མིག་སྔའི་དགོས་མཁོ་ལྟར་ནས་རྣམ་པ་གསར་བའི་བོད་གོས་སྣ་མང་བཟོས་པར།རྒྱ་ཆེ་བའི་གྲོང་མིས་དགའ་བསུ་ཐོབ་པ་དང་།  སེམས་ཀྱི་ཉི་ཟླའི་ཁྲོམ་ཆེན་སྲང་ལམ་དུ་རྣམ་པ་གསར་བའི་བོད་གོས་གྱོ ན་པའི་ཕོ་མོ་རྒན་གཞོན་གང་སར་མཐོང་ཐུབ་པ།
       དཀྱིལ་འཁོར་ཐང་ཆེན་དུ་གནས་པའི་སྤང་རྒྱན་མེ་ཏོག་བོད་གོས་ཚོང་ཁང་ནང་འགྲོ་དུས།མེ་ཏོག་གི་ར་བའི་ནང་སླེབས་པ་དང་ཀུན་ནས་འདྲ།ཁོ་ཚོས་བཟོས་བའི་བོད་གོས་ཚང་མ་མཐོ་སྒང་དུ་བཞད་པའི་མེ་ཏོག་ཅིག་ཡིན་ཏེ།ཚོང་ཁང་འདིས་བཟོས་བའི་གོས་རིགས་སྤུས་ལེགས་པ་དང་ཚོན་མདོག་མང་བོ་ཡང་ཡོད་དེ།  མང་ཚོགས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ནས་ཉོ་སྒྲུབ་བྱས་ཆོག 
       ཚོང་ཁང་དེའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་འཛོམས་པའི་གོན་པ་འཚོང་རྒྱུ་ཡོད།གྲོང་མི་ལྷ་མོས་བཤད་དོན།ཁོ་རང་ལྷ་སའི་བོད་གོས་ལ་དགའ་ཡང།སྔ་མར་ལྷ་སར་ཕེབས་དུས་ཡང་ཉོ་མ་ཐུབ། ད་ལྟ་དུས་ནམ་ཡང་སེམས་ཀྱི་ཉི་ཟླའི་ཁྲོམ་ར་རུ་ཉོ་ཐུབ་པ་བྱུང་ཟེར།  
       སི་ཁྲོན་འབའ་ཐང་ནས་ཡོང་བའི་ཟོག་བདག་གིས་གསར་འགོད་པར་བཤད་དོན།སྔར་སྲོལ་གྱི་རྒྱ་ཆེ་ཞིང་མཐུག་པའི་བོད་གོས་མིག་སྔའི་འཚོ་བའི་འགྲོ་ཕྱོགས་དང་མཐུན་རྒྱུ་མེད་པའི་རྐྱེན་གྱིས།ང་ཚོས་རྣམ་པ་གསར་བའི་དར་སྲོལ་ཅན་གྱི་བོད་གོས་སྣ་མང་བཟོས་ནས་བཙོང་བཞིན་ཡོད་ལ།འདི་དག་སྲོལ་རྒྱུན་གྱི་བོད་གོས་ལས་སྟབས་བདེ་ཡིན།
       སྤང་རྒྱན་མེ་ཏོག་བོད་གོས་ཚོང་ཁང་གིས་རྣམ་པ་གསར་བའི་བོད་གོས་བཟོ་བའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་བཞག་པའི་ཐོག་རིམ་བཞིན་དར་སྲོལ་ཅན་གྱི་རྣམ་པ་བཟོས་ཡོད།  དཔེར་ན།རྣམ་པ་གསར་བའི་སྟོད་གོས་ལ་རྣམ་པ་སྟབས་བདེ་པོར་སྒྱུར་ཡོད་པ་ལས་གཞན་གོང་ཁ་དང།ཕུ་ཁ་སོགས་ལ་བོད་ལུགས་ཀྱི་རྒྱུ་ཆ་སྤྱད་ཡོད། 
       ཟོག་བདག་གིས་ངོ་སྤྲོད་བྱས་པར་ལྟར།ཁོ་ཚོས་མགྲོན་ཁང་ཞབས་འདེགས་པའི་ལས་གོས་དང་།གླུ་ལེན་པའི་འཁྲབ་གོས་སོགས་ཀྱང་བཟོ་བཞིན་ཡོད། གཞན་ཡང་སེམས་ཀྱི་ཉི་ཟླའི་གནམ་གཤིས་གྲང་བའི་རྐྱེན་གྱིས།རྣམ་པ་གསར་བའི་སྟོད་གོས་ནང་སྤུ་སྣན་པའི་གོས་ལ་སེམས་ཀྱི་ཉི་ཟླ་གྲོང་མིའི་ཤིན་ཏུ་དགའ་བསུ་ཐོབ་ཡོད།