གཏིང་ཟབ་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་་བྱས་ནས་བདེ་ཆེན་ལ་དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།༣

རྩོམ་པ་པོ།   ཆོས་ལྡན་དང་གཡང་མཙོ་སོགས།  ཡིག་བསྒྱུར།       དུས་ཚོད།   2013-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        “ཁ་བྲལ་མི་ཐུབ་པ་གསུམ”གྱི་བསམ་བློ་དེ་བས་མི་སེམས་གཏིང་ལ་འཇགས་པར་བྱེད་དགོས། གཏིང་ཟབ་ཀྱིས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་ནང་བསྟན་དགོན་པའི་དོ་དམ་སྲོལ་ཡིག》དང་《ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ》དོན་འཁྱོལ་ཡག་པོ་བྱེད་དགོས། མུ་མཐུད་དུ་གཏིང་ཟབ་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ། དགོན་པའི་སྤྱི་ཚོགས་སྤྱི་པའི་ཞབས་ཞུ་མ་ལག་གི་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ། གཙོ་བོར་དགོན་པའི་ཆུ་འདོན་དང་། གཞུང་ལམ། གློག་འདོན། རླུང་འཕྲིན་བརྙན་འཕྲིན་ལྟ་བ་དང་། གྲྭ་བཙུན་གྱི་སྨན་བཅོས་དང་། དམའ་སྲུང་། སྨན་བཅོས་འགན་སྲུང་སོགས་གནས་ཚུལ་ཐག་གཅོད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏ་ལའི་ཚོགས་ཁག་གིས་ཁ་ཕྲལ་སིམ་འཛུལ་བྱེད་སྒོ་བཀག་འགོག་བྱེད་པ། ཏན་ཏིག་གིས་“འགལ་བའི་རྩོད་གཞི་དང་བརྟན་སྲུང་གི་མངོན་མེད་རྐྱེན་ངན་ཞིབ་བཤེར་ཆེན་པོ་བྱེད་པའི་བྱེད་སྒོ”དང་“བརྟན་སྲུང་ལས་བྱེད་པ་བརྒྱ་ལྷག་གཞི་རིམ་དུ་ལས་ཀ་ཁྲིད་སྟོན་བྱེད་སྒོ”ཡག་པོ་སྤེལ་བ། ཏན་ཏིག་ངང་བརྟན་སྲུང་ལས་ཀའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ནན་པོའི་ངང་རང་བསྲེགས་དང་བཅས་པའི་ཐལ་དྲགས་པའི་དོན་དག་རང་ཁུལ་དུ་བྱུང་བར་བཀག་འགོག་བྱེད་དགོས། ཤུགས་ཆེན་གྱིས་སྤྱི་ཚོགས་དོ་དམ་གསར་གཏོད་ལ་སྐུལ་སྤེལ་གཏོང་བ། མི་ཚོགས་གཙོ་བོ་དང་། ཁྱབ་ཁོངས་གཙོ་བོ། ལས་རིགས་གཙོ་བོའི་ཁྲོད་ཀྱི་ཞབས་ཞུའི་དོ་དམ་ཤུགས་ཆེར་གཏོང་དགོས། འགྲུལ་ཞུགས་མི་གྲངས་དང་། དམིགས་གསལ་མི་ཚོགས། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་ཞབས་ཞུའི་དོ་དམ་ཤུགས་ཆེར་གཏོང་བ། མང་ཚོགས་ཀྱི་ཁེ་དབང་མཉམ་འབྲེལ་དང་། མང་ཚོགས་ཁེ་ཕན་འགན་སྲུང་། སྤྱི་ཚོགས་འགལ་བ་ཐག་གཅོད། སྤྱི་ཚོགས་བརྟན་འཇགས་ཀྱི་ཉེན་ཁའི་ཞིབ་དཔྱད། སྤྱི་ཚོགས་ལེགས་བཅོས། མཁོ་བསྟུན་དོ་དམ་སོགས་སྒྲིག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཞི་རིམ་བརྟན་སྲུང་ལྟེ་གནས་སྟེགས་བུའི་དྲ་བ་ཅན་གྱི་དོ་དམ་ལས་ཀ་མགྱོ གས་སུ་གཏོང་བ། ལོ་ནང་དུ་ཁུལ་ཡོངས་ཀྱི་གཞི་རིམ་བརྟན་སྲུང་ལྟེ་གནས་སྟེགས་བུའི་འཛུགས་སྐྲུན་ལས་ཀ་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱེད་དགོས། ཡིག་སྐུར་ངོ་གཏུག་གི་ལམ་ལུགས་འཐུས་ཚང་དུ་བཏང་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་ལུགས་མཐུན་རེ་འདོད་ཐག་གཅོད་ཡག་པོ་བྱེད་དགོས། བརྟན་པོའི་ངང་བྱས་ཉེས་བཟོ་བར་རྡུང་རྡེག་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚུར་སྣང་དང་ཡིད་ཚིམ་ཚད་མཐོར་གཏོང་དགོས། མུ་མཐུད་དུ་དུག་རྫས་བཀག་འགོག་དང་ཨེ་ཙི་འགོས་ནད་སྔོན་འགོག་བྱེད་པའི་འཐབ་འཛིང་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་ལོག་ཆོས་རྩ་འཛུགས་དང་ཆོས་ལུགས་ལ་བརྟེན་ནས་རྩ་འཛུགས་བྱེད་པའི་ཁྲིམས་འགལ་བྱེད་སྒོ་སོགས་ལ་རྡུང་རྡེག་དྲག་པོ་བྱེད་དགོས།
        (གསུམ)དམངས་མཚོ་ལ་དམ་འཛིན་བྱས་ནས།  དམངས་འདོད་དང་འགྲོས་ནས་སྤྱི་ཚོགས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོ གས་སུ་གཏོང་བར་སྐུལ་སྤེལ་གཏོང་དགོས། ང་ཚོས་དམངས་འཚོའི་ཁེ་ཕན་གཉེར་བ་དང་།  དམངས་མཚོའི་སྐོར་གྱི་གནད་དོན་ཐག་གཅོད་བྱས་ནས། ཐོག་མཐའ་བར་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་བྱུང་བ་དང་། འགན་སྲུང་བྱེད་པ། འཕེལ་རྒྱས་གཏོང་རྒྱུ་དེ་ལས་ཀ་ཡོངས་ཀྱི་རྐང་འཛུགས་ས་དམིགས་ཡུལ་དུ་འཛིན་ནས། ཏན་ཏིག་གིས་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བའི་སྤྱི་ཚོགས་བྱ་གཞག་ཁག་མགྱོ གས་མྱུར་དུ་འཕེལ་རྒྱས་གཏོང་དགོས་ཤིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱས་ནས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་རོལ་བྱེད་དགོས། རྒྱུན་སྲིང་དུ་དམངས་འཚོ་དང་དམངས་ཕན་སྐོར་གྱི་ཨར་ལས་གཙོ་བོ་ཁག་སྤེལ་དགོས། ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་ཁག་གཞི་རིམ་དུ་ལག་བསྟར་དང་མངོན་འགྱུར་བྱུང་བར་དམ་འཛིན་བྱས་ནས།  དམངས་འཚོའི་ཨར་ལས་ཀྱིས་དམངས་བློའི་ཨར་ལས་ལ་སྐུལ་དགོས།  མང་ཚོགས་ཀྱི་ཡོང་འབབ་ཡར་སྣོན་བཏང་བ་དེ་རིམ་ཁག་གི་ཏང་སྲིད་ལས་ཀའི་ཤུགས་འདོན་སར་འཛིན་ནས། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་མཐོར་འདེགས་གཏོང་དགོས། དབུལ་སྐྱོར་ཤུགས་ཚད་ཇེ་མཐོར་བཏང་ནས། གསར་འབྱེད་ཅན་གྱི་དབུལ་སྐྱོར་ཐབས་ཇུས་རྒྱུན་འཁྱོངས་བྱས་པ་དང་། དབུལ་སྐྱོར་བྱ་ཐབས་གསར་གཏོད་བྱས་པ། སྐྱེ་ཁམས་སྲུང་སྐྱོང་དང་། ཨར་ལས་འཛུགས་སྐྲུན། གོད་སྐྱོབ་གོད་སྲུང་། གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། འགྲིམ་འགྲུལ་ལམ་རྒྱུད་དང་། གྲོང་རྡལ་མཐའ་ཁོར་བཅས་ཡུལ་སྤོའི་ས་ཁོངས་གཙོ་བོ་འབུར་དུ་ཐོན་ནས། ཏན་ཏིག་གིས་སྐྱེ་ཁམས་གནས་སྤོ་སྤེལ་ཞིང་། སྤོ་ཐུབ་པ་དང་། ལྷིང་སུ་འཇགས་པ། ཕྱུག་ཐུབ་པ་བྱས་ནས་དབུལ་ཕོངས་མང་ཚོགས་རྣམས་མགྱོ གས་མྱུར་གྱི་དབུལ་ཐར་ཕྱུག་འགྱུར་བྱེད་དགོས། སྔར་ལས་ཡག་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས། ཤུགས་ཆེས་ལས་ཞུགས་ལས་གནས་གསར་འབྱེད་བྱེད་དགོས། སྒེར་གྱིས་ལས་སྒོ་གསར་འབྱེད་བྱེད་པར་ཧུར་ཐག་གིས་སྐུལ་ལྕག་བཏང་བ་དང་། དཀའ་ངལ་མི་སྣ་དང་ལས་ཞུགས་མི་སྣ་ཅིའང་མེད་པའི་ཁྱིམ་ཚང་ལ་ལས་ཞུགས་རོགས་སྐྱོར་བྱས་ནས་འབད་བརྩོན་གྱིས་ལས་ཞུགས་འདང་ངེས་བྱེད་པར་སྐུལ་དགོས།  བྱ་གཞག་སྡེ་ཁག་གི་རྒན་གསོ་ཉེན་འགོག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་རྒན་གསོའི་ཉེན་འགོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འབད་བརྩོན་གྱིས་དཔེ་གསར་ཅན་གྱི་ཞིང་གྲོང་གི་སྤྱི་ཚོགས་རྒན་གསོའི་ཉེན་འགོག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་རྒན་གསོ་ཉེན་འགོག་ལམ་ལུགས་ཡོངས་སུ་ཁེབས་ཐུབ་པ་བྱེད་དགོས། དམིགས་བསལ་གྱི་དཀའ་ངལ་མང་ཚོགས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་གཏོང་བ་དང་བསྐོ་མངག་དོ་དམ་ཤུགས་ཆེར་གཏོང་དགོས། གཅིག་བསྡུས་སློབ་གཉེར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། སློབ་གསོའི་ཐོན་ཁུངས་ལུགས་མཐུན་གྱིས་སྒྲིག་སྦྱོར་བྱས་ནས་སློབ་གསོའི་དྲང་སྙོམས་ལ་སྐུལ་ནས་རིམ་ཁག་དང་རིགས་སོ་སོའི་སློབ་གསོ་དག་མཐུན་སྦྱོར་གྱིས་འཕེལ་རྒྱས་ཕྱིན་པར་སྐུལ་སྤེལ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྐོར་གྱི་བཅོས་བསྒྱུར་འཕེལ་རྒྱས་ཇེ་མགྱོ གས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཉིས་པའི་སྡོད་དམངས་ཡོངས་སུ་ཁེབས་པའི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གནོད་འཚེ་སྔོན་འགོག་བྱས་པ་དང་ཇེ་ཉུང་དུ་གཏོང་བའི་ལས་ཀར་ཤུགས་རྒྱག་པ་དང་། བགྲེས་སོང་གི་ལས་ཀར་ཤུགས་རྒྱག་ཅིང་དབང་པོ་སྐྱོན་ཅན་མི་སྣའི་བྱ་གཞག་འཕེལ་རྒྱས་གཏོང་དགོས།  འཆར་ལྡན་བུ་བཙའ་སྟེ་གཞི་རྩའི་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱས་ནས། བུ་བཙའི་ཚད་འོས་འཚམ་དུ་ལྷིང་འཇགས་ཐུབ་པ་བྱེད་དགོས། མི་གྲངས་ཡུན་རིང་དུ་ཆ་སྙོམས་ཀྱིས་འཕེལ་རྒྱས་ཕྱིན་པར་སྐུལ་སྤེལ་གཏོང་དགོས།  ཤུགས་ཡོངས་འདོན་ནས་2014ལོའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ལུས་རྩལ་ཚོགས་པའི་གྲ་སྒྲིག་ལས་ཀ་སྤེལ་དགོས།  ད་ལོར་སྤུས་ཚད་དང་འབོར་ཚད་ལྟར་བྱ་འགུལ་སྤེལ་ཡུལ་འཛུགས་སྐྲུན་བྱེད་ཚར་དགོས། ལུས་རྩལ་པའི་སྦྱོང་བརྡར་ལས་ཀ་ཡག་པོ་བྱས་ནས་གྲུབ་འབྲས་ཡག་པོ་བླངས་ཐུབ་པར་བརྩོན་ལེན་བྱེད་དགོས། 
        (བཞི)དམངས་གཙོ་དམ་འཛིན་བྱེད་ཅིང་། འགྲིལ་ཤུགས་གཅིག་ཏུ་འདུས་ནས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་ནས་ཆུ་ཚད་གསར་དུ་སླེབས་དགོས།  ང་ཚོས་ཏང་གིས་འགོ་ཁྲིད་པ་དང་། མི་དམངས་ཀྱིས་ཁྱིམ་བདག་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་མཐུན་སྒྲིལ་གཅིག་འགྱུར་དེ་རྒྱུན་འཁྱོངས་བྱེད་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ། དམངས་གཙོ་མཐུན་སྒྲིལ་དང་། གསོན་ཉམས་ལྡན་པ།  ལྷིང་འཇགས་འཆམ་མཐུན་གྱི་ཆབ་སྲིད་གནས་ཚུལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ།  མི་དམངས་འཐུས་མི་ཚོགས་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རིམ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་གྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།  ཀྲུང་གོ་གོང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་བཏང་ནས། མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་གཉིས་ཀ་བརྗོད་བྱ་གཙོ་བོར་འཛིན་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་མི་དམངས་ཚོགས་པས་ཁྲིམས་ལྟར་ལས་ཀ་ཁག་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། གཞི་རིམ་གྱི་སྲིད་དབང་འཛུགས་བསྐྲུན་ལ་ཤུགས་རྒྱག་ཅིང་། ཧུར་ཐག་གིས་གཞི་རིམ་གྱི་དམངས་གཙོ་རྒྱ་སྐྱེད་བཏང་ནས། ཁྲིམས་ལྟར་སྤྱི་དམངས་ཀྱི་གོ་ཆོག་པའི་དབང་ཆ་དང་། ནང་ཞུགས་དབང་ཆ། གཏམ་བཤད་དབང་ཆ་དང་ལྟ་སྐུལ་དབང་ཆར་འགན་སྲུང་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་གཞི་རྩའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས། ཤུགས་ཆེས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་རྒྱས་བཏང་ནས། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་བདེ་ཆེན་གྱི་འཛུགས་བསྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ། ས་གནས་རང་གི་ཁྱད་ཆོས་འབུར་དུ་ཐོན་ནས། ཚན་རིག་དང་མཐུན་གྱི་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་སྲིད་གཞུང་དང་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་བསྐྲུན་བྱེད་པར་སྐུལ་དགོས། ཁྲིམས་འཛིན་གྱི་ནང་རྐྱེན་དང་ལས་ཀའི་ནང་རྐྱེན་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། ཁྲིམས་གཅོད་སྡེ་ཁག་དང་ཞིབ་བཤེར་སྡེ་ཁག་གིས་ཁྲིམས་ལྟར་ཁྲིམས་གཅོད་དབང་ཆ་དང་། ཞིབ་བཤེར་དབང་ཆ་སྤྱོད་པར་ཁག་ཐེག་བྱེད་དགོས། ཁྲིམས་འཛིན་རུ་ཁག་འཛུགས་བསྐྲུན་ལ་ཤུགས་རྒྱག་ནས། ནན་ཏན་དང་དྲང་མཉམ། དཔལ་ཡོན་ཅན་གྱིས་ཁྲིམས་འཛིན་བྱེད་དགོས། ཤུགས་ཆེས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བྱས་ནས། ནན་ཏན་གྱིས“དྲུག་ལྔ”ཁྲིམས་ལུགས་ཁྱབ་གདལ་འཆར་གཞི་ལག་བསྟར་བྱས་ནས། འབད་བརྩོན་གྱིས་དམངས་ཡོངས་ཀྱི་ཁྲིམས་ལུགས་བྱང་ཚད་དང་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁྲིམས་སྐྱོང་ཤང་གྲོང་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་བསྐྲུན་བྱ་འགུལ་གཏིང་ཟབ་ཏུ་གཏོང་དགོས།  སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། ཁྲིམས་ལུགས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོར་ལས་ཀར་ཤུགས་རྒྱག་ནས། ཁྲིམས་ལུགས་ཞབས་ཞུའི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་དགོས། རིམ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱས་ཏེ་ཁྲིམས་ལུགས་སྦྱོང་བ་དང་སྤྱོད་པ། བརྩི་སྲུང་བྱེད་དགོས། ཁྲིམས་ལྟར་ལས་ཀ་སྒྲུབ་པ་དང་། ཁྲིམས་ལུགས་ཀྱི་ལ་རྒྱ་དང་དབང་ཐང་སྲུང་འཛིན་བྱས་ནས། སྤྱི་ཚོགས་ཀྱི་དྲང་སྙོམས་དང་བདེན་དོན་ལ་འགན་སྲུང་བྱེད་དགོས།  དམག་ས་ལག་བསྟར་ནན་ཏན་བྱས་ནས་འཆམ་མཐུན་བོད་ཁུལ་གྱི་གན་རྒྱའི་གཏན་འབེབས་སོ་སོ་ནན་ཏན་གྱིས་ལག་བསྟར་བྱེད་དགོས། དམག་ལ་བརྩི་སྲུང་དང་མི་དམངས་ལ་གཅེས་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་ལ་འགན་སྲུང་བྱེད་དགོས། 
        (ལྔ)རིག་གནས་དར་སྲོལ་ལ་དམ་འཛིན་བྱས་ནས། རིག་གནས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྤེལ་བར་སྐུལ་འདེད་གཏོང་དགོས།  ང་ཚོས་སྲ་བརྟན་འགྱུར་མེད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུར་འགྲོ་ནས། མི་དམངས་ལ་ཞབས་ཞུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་བྱེད་པའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་མདུན་སྐྱོད་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རིག་གནས་ཀྱིས་ཁུལ་དར་སྤེལ་བཏང་བར་དམ་འཛིན་བྱས་ནས་རིག་གནས་དར་རྒྱས་ལ་སྐུལ་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པར་རིག་གནས་ཀྱི་རྒྱབ་སྐྱོར་ཆེན་པོ་མཁོ་སྤྲོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཙོ་གནད་ཀྱི་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་ནས། ཁུལ་ཡོངས་ཀྱི་མི་དམངས་རྣམས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ངོ་ཚ་དང་གཟི་བརྗིད་དབྱེ་འབྱེད་བྱེད་ཤེས་པ་དང་། གཟུར་གནས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་དར་སྲོལ་གསོ་སྐྱོང་བྱེད་དགོས། ཧུར་ཐག་གིས་ཞིང་ཨུས་འདོན་པའི་མཐོ་ཞིང་ཡངས་པ་དང་སྒོ་འབྱེད་པ། ཁོང་ཡངས་པའི་མཐོ་སྒང་གི་བག་ཆགས་དང་སྲ་བརྟན། འགན་ཁུར་བ། དྲང་བདེན་བཅས་རི་མཐོའི་བག་ཆགས་ལག་བསྟར་བྱེད་དགོས། དམངས་ཕྱུག་གིས་ཁུལ་སྟོབས་ལྡན་དུ་བཏང་བའི་ནུས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། སྤྱི་ཚོགས་སྤྱིའི་ཀུན་སྤྱོད་དང་། ལས་གནས་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད་དང་མི་སྒེར་གྱི་ཀུན་སྤྱོད་བཅས་ཀུན་སྤྱོད་བཞི་པོའི་ཨར་ལས་རྩ་འཛུགས་བྱེད་ཅིང་ལག་བསྟར་བྱེད་དགོས། མང་ཚོགས་ཅན་གྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱ་འགུལ་རྒྱ་ཆེར་སྤེལ་དགོས།  ཧུར་ཐག་གིས་རིག་གནས་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་ནས། མི་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་ལས་ཀ་གཏིང་ཟབ་ཏུ་སྤེལ་ནས། བདེ་ཆེན་གྱི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་གི་ཚོད་ལྟ་ཁུལ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་རིག་གནས་ཀྱིས་དམངས་ལ་ཕན་པའི་ཨར་ལས་ལག་བསྟར་བྱས་ནས། རྒྱང་བསྒྲགས་བརྙན་འཕྲིན་གྲོང་ཚོ་ཀུན་ལ་ཁྱབ་པ་དང་། ཞིང་གྲོང་གི་དཔེ་མཛོད་ཁང་བཅས་རིག་གནས་ཀྱིས་དམངས་ལ་ཕན་པའི་ཨར་ལས་འཛུགས་སྐྲུན་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཕན་པའི་ཐུན་མོང་གི་རིག་གནས་ཞབས་ཞུ་མ་ལག་འཛུགས་དགོས།  རིག་རྩལ་གསར་རྩོམ་བྱེད་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་ནས། སེམས་ཀྱི་ཉི་ཟླའི་སྤུས་རྟགས་འཛུགས་པར་གཞིགས་ནས། ས་གནས་ཁྱད་ཆོས་ལྡན་པའི་གློག་བརྙན་དང་རྩོམ་རིག ཟློས་གར་གྱི་བརྩམས་ཆོས་བཅས་འཕེལ་རྒྱས་གཏོང་དགོས། ཧུར་ཐག་གིས་གསར་འགྱུར་དཔར་སྐྲུན་དང་། རིག་རྩལ་འཁྲབ་སྟོན་བཅས་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཧུར་ཐག་གིས་རིག་གནས་ཁྲོམ་རའི་གཞི་གནས་གསོ་སྐྱོང་བྱས་ནས། ནུས་ཤུགས་ཆེ་བ་དང་། ཕན་ནུས་ཡག་པའི་རིག་གནས་ཁེ་ལས་གསོ་སྐྱོང་བྱས་ནས། དེ་ལས་མང་བའི་ཕུལ་བྱུང་བརྩམས་ཆོས་ཐོན་ཐུབ་པ་དང་། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་དགོས།  
        (དྲུག)སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པར་སྐུལ་འདེད་གཏོང་དགོས།  ང་ཚོས་ཐོག་མཐའ་བར་དུ་ཡག་པའི་སྐྱེ་ཁམས་ནི་བདེ་ཆེན་གྱི་གནས་བབ་བཟང་པོ་དང་། ཆེས་ཡག་པའི་ཐོན་ཁུངས་དང་། ཆེས་རིན་ཐང་བྲལ་བའི་རྒྱུ་ནོར་ཡིན་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་དང་། རྩ་དོན། དམིགས་ཡུལ་བཅས་ཕྱོགས་ཡོངས་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་་རིམ་སྤྱིའི་ཁྲོད་དུ་ལག་བསྟར་བྱས་ནས། བདེ་ཐང་གིས་འཕེལ་རྒྱས་གཏོང་བ་དང་། འཁོར་སྐྱོད་འཕེལ་རྒྱས། ཐོན་ཁུངས་བསྲེ་ཚགས་ཅན་གྱི་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་ནས། མི་རིགས་ཁག་གི་མི་དམངས་ལ་ཡག་པའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཅིག་སྐྲུན་དགོས།  ཤུགས་ཆེས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་ཐོན་ལས་ཅན་དུ་བསྒྱུར་བ་དང་། ཐོན་ལས་འཕེལ་རྒྱས་སྐྱེ་ཁམས་ཅན་དུ་བསྒྱུར་བར་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཀྱི་གནས་བབ་བཟང་པོ་དེ་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་བཟང་པོར་བསྒྱུར་དགོས། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་མགྱོ གས་མྱུར་དུ་བཏང་ནས། ཧུར་ཐག་གིས་ཁེ་ལས་ནང་གི་འཁོར་སྐྱོད་ལ་སྣེ་ཁྲིད་བྱས་ཏེ།  འཁོར་སྐྱོད་བཟོ་ལས་ར་བ་དང་ལྗང་མདོག་གི་བཟོ་ལས་ར་བ་འཛུགས་དགོས། ཕྱོགས་ཡོངས་ནས་དྭངས་གཙང་གིས་ཐོན་སྐྱེད་བྱས་པ་དང་།  ཐོན་ཁོངས་ཀྱི་བེད་སྤྱོད་བཏང་ཚད་ཇེ་མཐོར་གཏོང་དགོས། སྐྱེ་ཁམས་འཛུགས་བསྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་རྒྱག་ནས། ཤུགས་ཡོངས་འདོན་ནས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གཙང་གཉིས་ཆུ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་འཛུགས་བསྐྲུན་འཆར་གཞི》ལག་བསྟར་ཡག་པོ་བྱས་ཤིང་། ཏན་ཏིག་གིས་མཚོན་ལྡན་ཡུན་ནན་སེམས་ཀྱི་ཉི་ཟླའི་སྲུང་སྐྱོང་བྱ་སྤྱོད་དང་ནགས་ཚལ་ཅན་གྱི་བདེ་ཆེན་འཛུགས་སྐྲུན་བྱེད་དགོས།  སྐྱེ་ཁམས་གསོན་ཉམས་ལྡན་པ་དང་སྐྱེ་ཁམས་ནུས་ཤུགས་གཙོ་བོ་ས་ཁུལ་དག་གཙོར་འཛིན་ནས། རྨོ་བསྐྱུར་རྩྭ་འདེབས་དང་ནགས་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། འབྲི་ཆུ་དང་། རྨ་ཆུའི་འགྲམ་རྒྱུད།  རྫོང་ཁུལ་གྱི་རི་རྒྱུད་ཀྱི་ས་ཆུ་འཛིན་ལེན་དང་ས་ཁུལ་གཙོ་བོར་བྱེ་རྡོར་འགྱུར་བའི་སྒྲིག་བཅོས་ལས་ཀ་ཡག་པོ་བྱས་པ་དང་། ཏན་ཏིག་གིས་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོང་ལ་ཤུགས་རྒྱག་ནས། ལྗང་མདོག་གི་སྐྱེ་ཁམས་ཁོར་ཡུག་གསོ་སྐྱོང་བྱེད་དགོས།  ས་ཁམས་དང་གནམ་གཤིས། སྐྱེ་དངོས་གནོད་འཚེ་བཅས་ཀྱི་ཕྱོགས་བསྡོམས་སྔོན་འགོག་དང་སྒྲིག་བཅོས་མ་ལག་འཐུས་ཚང་དུ་གཏོང་དགོས། གྲོན་ཆུང་འབག་ཉུང་འཆར་གཞི་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་ནུས་ཁུངས་བསྲེ་ཚགས་དང་། ཆུ་བསྲེ་ཚགས། ས་ཆ་བསྲེ་ཚགས། ཤིང་ཆ་བསྲེ་ཚགས་དང་ཐོན་ཁུངས་ཕྱོགས་བསྡོམས་བྱས་ནས་བེད་སྤྱོད་གཏོང་བར་ཤུགས་རྒྱག་ནས་དྭངས་གཙང་ཅན་གྱི་ཐོན་ལས་འཕེལ་རྒྱས་མགྱོ གས་མྱུར་དུ་བཏང་ནས། རྣམ་གྲངས་གསར་པའི་གྲོན་ཆུང་ཚོད་དཔག་ཞིབ་བཤེར་དང་ཁོར་ཡུག་ཤུགས་རྐྱེན་ལ་དཔྱད་ཞིབ་ཤུགས་ཆེར་གཏོང་དགོས། ཧུར་ཐག་གིས་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་དོ་དམ་ལག་བསྟར་འཛུགས་སྐྲུན་ལ་སྐུལ་དགོས།  སྐུལ་ལྕག་དང་གཅུན་ནུས་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་ལྟ་སྐུལ་ཤུགས་ཆེར་བཏང་ཞིང་། ཚན་རྩལ་དང་བློ་རིག་གི་རྒྱབ་སྐྱོར་ནུས་པ་ཇེ་ཆེར་བཏང་སྟེ། རྒྱུན་སྲིང་ཅན་གྱི་འཕེལ་རྒྱས་ནུས་པ་ཇེ་ཆེར་བཏང་ནས། དྭངས་གཙང་གི་རི་ཀླུང་དག་གཏན་དུ་བུ་རབས་ཚ་རྒྱུད་རྣམས་ལ་སྤྲོད་དགོས།