རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཚེས་23ཉིན་གྱི་སྔ་དྲོ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དུ་སི་ཁྲོན་ལུའུ་ཧྲན་ས་ཡོམ་ནང་གནོད་འཚེ་ཕོག་པའི་སྤུན་ཟླར་སྨོན་ལམ་འཚོགས་པ་རེད།
སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་དགའ་ལྡན་བྱིན་ཆགས་གླིང་གི་བརྗིད་ཆགས་པའི་ཚོམས་ཆེན་ནང་པཎ་ཆེན་རིན་པོ་ཆེས་དེ་གའི་དགེ་འདུན་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་འདུན་ཚོ་དང་དེ་བཞིན་ནང་སར་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲྭ་བཙུན་ཚོ་དང་ལྷན་དུ་བསྔོ་སྨོན་གནང་ནས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཐུགས་སྨོན་གནང་བ་དང་འབྲེལ་གེགས་ཁུལ་གྱི་འགྲོ་བ་ཀུན་གྱིས་ས་ཡོམ་གནོད་འཚེ་སྔ་ཙམ་ཁྱད་བསད་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རྒྱུའི་སྨོན་ལམ་བཏབ་གནང་བ་རེད།དེ་རྗེས་པཎ་ཆེན་རིན་པོ་ཆེས《བྱང་ཆུབ་སེམས་དཔའི་བསྔོ་སྨོན》ཞལ་འདོན་གནང་ནས་གཤིན་པོར་བདེ་བ་ཐོབ་པ་དང་གསོན་པོ་སྡུག་བསྔལ་ལས་འབྲལ་བའི་སྨོན་ལམ་བཏབ་པ་དང་འབྲེལ་འཛམ་གླིང་ཞི་བདེ་དང་མི་དམངས་ཁམས་བདེ་ཡོང་བའི་སྨོན་ལམ་བཏབ་གནང་བ་རེད།