སྤྱི་བདེ་མེ་ཟོན་དཔུང་སྡེས་གནོད་སྐྱོབ་དུས་ཚོད་ལེགས་ཤོས་ཆུ་ཚོད་72རིང་གསོན་པོར་གནས་པའི་མི་150བསྐྱབས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཟླ་4ཚེས་23ཉིན་གྱི་ཆུ་ཚོད་8བར་ཏེ་སི་ཁྲོན་ཞིང་ཆེན་ལུའུ་ཧྲན“4·20”ས་ཡོམ་བརྒྱབ་ནས་ཉིན་གསུམ་ཕྱིན་པའི་ཆུ་ཚོད་72རིང་སྤྱི་བདེ་མེ་ཟོན་དཔུང་སྡེས་སྟོབས་ཤུགས་ཡོད་རྒུས་སྲོག་སྐྱོབ་དམག་འཐབ་ལས་ལ་གཞོལ་ནས་ཁྱོན་ཞིག་རོའི་འོག་ཏུ་ཚུད་མི་165འཚོལ་སྐྱོབ་བྱས་པའི་ནང་མི་150གསོན་པོར་གནས་པ་དང་།མང་ཚོགས་6976གནས་སྤོ་དང་ཁ་བཀྲམ་པ་རེད།
        ས་ཡོམ་བརྒྱབ་རྗེས་ལུའུ་ཧྲན་དང་པའོ་ཤིང་རྫོང་གི་མེ་ཟོན་དཔོན་དམག་ཚོས་འཕྲལ་དུ་མྱུར་སྐྱོབ་ཀྱི་ལས་ལ་གཞོལ་ནས་མི་སྣའི་ཚེ་སྲོག་བསྐྱབས་པ་རེད།སི་ཁྲོན་ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སྤྱི་བདེ་པུའི་བཀོད་སྒྲིག་དང་ལེན་བྱས་ནས་འཕྲལ་དུ་ཞིང་ཆེན་ཡོངས་ཀྱི་ཉིང་ལག་རུ་ཁག་བཅུ་བཞིའི་དཔུང་རོགས་སྟོབས་ཤུགས་ཚང་མ་སྐོང་ནས་གེགས་ཁུལ་དུ་མངགས་པའི་ཁར་མེ་ཟོན་དཔོན་དམག་2150དང་།མེ་གསོད་རླངས་འཁོར་450 འཚོལ་སྐྱོབ་ཁྱི་6བཅས་ཀྱང་གེགས་ཁུལ་དུ་མངགས་ཡོད་པ་རེད།
        སྤྱི་བདེ་པུའི་བཀོད་སྒྲིག་གཞིར་བཟུང་སྤྱི་བདེ་པུའུ་མེ་ཟོན་ཅུས་ཀྱིས་ས་ཡོམ་གནོད་སྐྱོབ་རིམ་པ་དང་པོ་ལྟར་ལས་དོན་རུ་ཁག་སི་ཁྲོན་ས་ཡོམ་གྱི་འཐབ་ས་དང་པོར་གནོད་སྐྱོབ་ལས་དོན་ལ་བཀོད་འདོམས་བྱེད་པར་མངགས་པ་དང་ཆབས་ཅིག་སྤྱི་བདེ་པུས་ཁྲུང་ཆིང་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་224དང་།མེ་གསོད་རླངས་འཁོར46འཚོལ་སྐྱོབ་ཁྱི་5བཅས་སྐོང་ནས་ས་ཡོམ་གེགས་ཁུལ་དུ་རོགས་སྐྱོར་བྱེད་པར་མངགས་པ་རེད།