རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཟླ་4ཚེས་20ཉིན་གྱི་ཆུ་ཚོད་21ཐོག་པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་མི་27ལས་གྲུབ་པའི་པེ་ཅིང་གི་རྒྱལ་ཁབ་སྨན་བཅོས་རུ་ཁག་དང་པོ་སི་ཁྲོན་གཡག་རྔ་ས་ཡོམ་གེགས་ཁུལ་དུ་རྨས་མར་སྨན་བཅོས་དང་སྐྱོབ་བཅོས་བྱེད་པར་བསྐྱོད་པ་རེད།
གེགས་སེལ་སྨན་བཅོས་རུ་ཁག་དེ་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་2དང་།ཀྲུའུ་རེན་གཞོན་པའི་སྨན་པ་དཀའ་བཅུ་པ་5 འབྲིང་རིམ་གོ་མིང་ཡོད་པ་20བཅས་ལས་གྲུབ་ཡོད།ཆེད་ལས་ཐད་རུས་ནད་ཚན་ཁག་དང་།ཕྱི་བཅོས་དཀྱུས་མའི་ཚན་ཁགདབང་རྩའི་ཕྱི་ནད་ཚན་ཁགབྲང་ཁོག་ཕྱི་ནད་ཚན་ཁགམཁལ་མའི་ཁོག་ནད་ཚན་ཁགཉེན་ཁ་དང་དོས་དྲག་གསོ་རིག་ཚན་ཁགབྱིས་པའི་ཚན་ཁགསྦྲིད་སྨན་ཚན་ཁགདོས་དྲག་ཚན་ཁགསྨན་ཁང་གི་འགོ་ནད་དོ་དམ།ནད་སྐྱོང་བཅས་ཚུད་ཡོད།པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལི་ཝུའེ་ཧྲེས་རུ་དཔོན་བྱས་པ་དང་འགོ་ནད་དོ་དམ་ཚན་ཁག་གི་ཀྲུའུ་རེན་དབྱང་ཞུའེ་སུང་གིས་ཀྲི་པུའུ་ཧྲུའུ་ཅི་དང་རུ་དཔོན་གཞོན་པའི་འགན་གཅིག་ལྕོགས་བཞེས་ཡོད།ཁོང་ཚོས་དེ་སྔའི་གནོད་སྐྱོབ་ཉམས་མྱོང་དང་ཟུང་འབྲེལ་གྱིས་ཉིན་7ནས་ཉིན་10བར་མཁོ་བའི་སྨན་སྤྱོད་དངོས་ཟོག་དང་འཚོ་བའི་མཁོ་ཆས་གྲབས་གསོག་བྱས་པ།མིག་སྔར་གེགས་ཁུལ་དུ་འབྱོར་ནས་སྨན་བཅོས་གནོད་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།