ཨ་མདོ་དང་འབྲོག་ཁུལ་དུ་དར་ཁྱབ་ཆེ་བའི་ཆང་སྣོད་རིགས་གསུམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

        འབྲོག་པའི་ས་ཁུལ་དུ་གནས་གཤིས་གྲང་ངར་ཆེ་བའི་དབང་གིས་འདི་གའི་ཨ་རག་ངར་པོ་མཆོད་རྒྱུའི་གོམས་སྲོལ་ཡོད་པ་ཞིག་རེད།དེང་སང་རྒྱ་རག་ག་ས་གར་བའི་འབེལ་པོ་འཚོང་རྒྱུ་ཡོད་པས་འབྲོག་པ་ཚོས་རྒྱུན་དུ་རྒྱ་རག་མཆོད་པ་ལས་བོད་རག་ནི་རྒྱུན་པ་མཐོང་རྒྱུ་དཀོན་ཙམ་ཡིན་པ་རེད།མཐོ་སྒང་གི་ནོར་བུ་ཞེས་མཚན་སྙན་ཡོད་པའི་གཡག་ནི་འབྲོག་ཕའི་ཆང་སྣོད་ཀྱི་རྒྱུ་ཆའི་འབྱུང་ཁུངས་གཙོ་བོ་ཡིན།གཡག་གི་པགས་པ་ལས་བཟོས་པའི་ཆང་རྐྱལ་ནི་རང་ལས་རྒྱུ་ཆ་གདམ་གསེས་བྱས་པའི་དཔེ་མཚོན་དུ་རྩིས་སྲོལ་ཡོད་པ་ཞིག་རེད།ཆང་སྣོད་འདི་རིགས་ཀྱི་བཟོ་རྩལ་ནི་ཨ་ཤེ་ཡའི་ནུབ་རྒྱུད་ཀྱི་བྱེ་ཐང་ས་ཁུལ་ནས་དར་བའི་བཤད་སྲོལ་མཆིས།ད་དུང་འབྲོག་རྭ་ཞེས་པའི་ཆང་སྣོད་ཅིག་ཡོད་ཅིང་།འབྲོང་གཏུམ་དྲག་ཆེ་བའི་དབང་གིས་འབྲོང་རྭའི་ནང་མཆོད་ཆང་བཀྱག་ནས་ཕོ་ཁྱོ་གའི་ནུས་སྟོབས་དང་དཔའ་ངར་མཚོན་པ་བྱེད་བཞིན་ཡོད།བེན་ལེབ་ནི་སོག་པོའི་ཡུལ་ནས་དར་ཁྱབ་བྱུང་བའི་ཆང་སྣོད་ཅིག་ཡིན་ཞིང་།དེའི་དབྱིབས་ནི་ཆང་རྐྱལ་ལ་དཔེ་བླངས་ནས་གྲུབ་པ་ཡིན་པ་བཤད་སྲོལ་མཆིས།
         དེའི་ཁྲོད་ལྕགས་ལས་བཟོས་པའི་བེན་ལེབ་ཕལ་ཆེ་བ་ནི་དེང་གི་དུས་སུའང་སྔར་བཞིན་གནའ་སྲོལ་ལྟར་ལུགས་བརྒྱབ་ནས་བཟོ་བཞིན་ཡོད་པ་རེད།བེན་ལེབ་ཀྱི་ངོས་སུ་རྒྱན་རིས་སྣ་ཚོགས་ཡོད་པའི་ནང་ནས་སྦལ་དབྱིབས་རྒྱན་པ་དེ་རྩེ་གྲ་ཡིན།འཁྱེར་བདེ་ལ་ཆག་སྐྱོན་དཀའ་བའི་ཆང་སྣོད་དེ་ཡིས་འབྲོག་པའི་རུ་སྤོའི་འཚོ་བར་སྟབས་བདེ་མོ་ཡོད་པའི་དབང་གིས་རེད།