རྩོམ་པ་པོ།   མི་གསལ །   ཡིག་བསྒྱུར།       དུས་ཚོད།   2013-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་དྲ་བ་ནས།
བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ནི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱིས་བསྒྱུར་བཅོས་གསར་སྤེལ་གྱི་གོ་སྟབས་མགྱོ གས་སུ་གཏོང་བ་དང་།དངུལ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ།དཔལ་འབྱོར་གོང་སྤེལ་ལ་སྐུལ་སྡེད་བཏང་ནས།ཁུལ་ཡོངས་ཀྱིས་མགྱོ གས་སུ་དབུལ་སྐྱུར་ཐོབ་པ་དང་།ཕྱུག་པོར་འགྲོ་བ་དང་འབྱོར་འབྲིང་དུ་ཞུགས་པའི་ཆེད་ 1994 ལོའི་ཟླ་ 7 པའི་ཚེས་ 6 ཉིན་དུ་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཆུས་འཛུགས་པར་ཆོག་མཆན་ཐོབ་གནང་བ་རེད།གསར་གཏོད་ཆུས་འཕྲེད་ཐིག་བྱང་མ་ 27° 0′ དང་།ཤར་གྱི་བྱང་ཐིག་ 100° 10′ དང་།སྟག་མཆོང་གྲོག་རོང་དང་འབྲི་ཆུའི་ཁུག་དང་པོའི་བར་ལ་གནས་ཡོད་ལ།སེམས་ཀྱི་ཉི་ཟླའི་རྫོང་མཁར་གྱི་བར་ལ་སྤྱི་ལེ་ 110 དང་།ས་ཐང་གྲོང་ཁྱེར་གྱི་བར་ལ་སྤྱི་ལེ་ 60 ། ཏ་ལིའི་བར་ལ་སྤྱི་ལེ 180 ། ཁུན་མིང་གི་བར་ལ་སྤྱི་ལེ 588 ཡོད་པ།རྒྱལ་ལམ་ 214 ལམ་ཐིག་དེའི་ནང་བརྒྱུད་པ།ནང་ཁུལ་གྱི་སྐམ་ལམ་ནས་བོད་ཁུལ་དུ་ཞུགས་པའི་ལམ་ཆེན་གཙོ་བོ་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་ཀྱི་སྒོ་ཆེན་ཡིན།གསར་སྤེལ་ཆུས་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུའོ་ལི་རེ་སན་ཅ་གྲོང་སྡེར་གནས་པ།ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1821 ཡོད་པ།གསར་སྤེལ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་སྨི་གྲུ་བཞི་15.87ཡོད་དེ།སན་ཅ་གྲོང་སྡེ་དང་།སུང་ཡོན།མུའུ་པི་ཧའེ་ཁག་གསུམ་བགོས་ཡོད།
གསར་སྤེལ་ཆུས་ཀྱི་དོ་དམ་ཨུ་ལྷན་ནི་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་མངག་པའི་རྫོང་རིམ་པའི་ལས་ཁུངས་ཤིག་ཡིན།གསར་སྤེལ་ཆུས་ཀྱི་ཁྱབ་ཁོངས་ནང་ལ་རྩ་དོན་ཐོག་རྫོང་རིམ་པའི་དཔལ་འབྱོར་དོ་དམ་གྱི་དབང་མཚམས་སྤྱོད་ཡོད། 2012 ལོར་མཚམས་ཆོད་ནས་དོ་དམ་ཨུ་ཡོན་ལྷན་ཁང་ནང་འགན་ནུས་སྡེ་ཁག་ 9 བཙུགས་ཡོད་པ་དང་།ཆུས་གཏོགས་བྱ་གཞག་ལས་ཁུངས་ 4 བཙུགས་ཡོད་པ།སྲིད་འཛིན་དང་ལས་དོན་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ 99 ཡོད་པ།གྲོང་མིའི་ཨུ་ལྷན་གཉིས་དང་སྡོད་མིའི་ཨུ་ལྷན་གཅིག་ཡུལ་(སྡོད)མི་ཚོ་ཆུང་25ཡོད་པ།ཆུས་ཡོངས་ལ་འཇང་རིགས་དང་།ལི་སུའུ་རིགས།རྒྱ་རིགས།བོད་རིགས་སོགས་མི་རིགས་སྡོད་དེ།སྤྱིའི་མི་གྲངས་4185ཡོད།དེའི་ནང་རྒྱུན་སྡོད་མི་གྲངས་ 2933དང་།སྐོར་སྐྱོད་མི་གྲངས་1252ཡོད་པ་རེད།