བདག་གི་སློབ་གྲོགས་ཚོ།

རྩོམ་པ་པོ།   པ་སངས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

  

  ང་ནི་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་ཞིག་ཡིན།   ང་ཚོའི་འཛིན་གྲྭའི་ནང་དུ་སློབ་གྲོགས་སུམ་ཅུ་སོ་གསུམ་ཡོད་ལ།  ཚང་མའི་ཆེད་ལས་ནི་བོད་ཡིག་ཡིན།  ང་ཚོ་ཚང་མ་གཅིག་མཐུན་གྱི་རེ་འདུན་རེ་ཡོད་དེ། དེ་ནི་མ་འོངས་པར་རྐང་འཛིན་གྱི་བོད་ཡིག་དགེ་རྒན་བྱེད་རྒྱུ་དེ་ཡིན།  གནམ་མིའི་གཏམ་དཔེར་ལ།  ཁ་བཤད་ཆུ་ཡི་ཝུ་བ། །  ལག་ལེན་གསེར་གྱི་ཐིག་པ། །  ཞེས་སྨྲ་བ་ལྟར་ང་ཚོས་ཀྱང་སློབ་སྦྱོང་བཟང་མོ་བྱས་ནས་ཤེས་བྱའི་གནས་ལ་བརྩོན་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་དང་།   དུས་ཀྱི་འཕོ་འགྱུར་གྱིས་ང་ཚོར་བཏོན་པའི་བླང་བྱའང་རེད། 
    ངའི་སློབ་གྲོགས་ཚོ།  ང་ཚོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཤེས་བྱའི་གནས་ལ་བརྩོན་དགོས།  དགེ་རྒན་གྱི་བཀའ་གསུང་དེ་དག་རྣ་རྒྱབ་ཀྱི་ལྷགས་པ་བཞིན་མི་དོར་བར།   རིན་ཆེན་གསེར་དང་འདྲ་བའི་རིག་གནས་དག་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་འབད་འབུངས་བྱེད་པ་ཧ་ཅང་གལ་ཆེའོ། །