རྩོམ་པ་པོ།   པད་མ་མཚོ་སྐྱེས།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
སློབ་གྲྭ་ནི་ང་ཚོ་སློབ་མའི་ཡི་གེ་སྦྱོང་ས་དང་། རིག་གནས་སྦྱོང་སའི་དགའ་ཚལ་ཡང་ཡིན། སློབ་གྲྭའི་ཁོར་ཡུག་ཀུན་ཏུ་སྔོ་ལྗང་ལྗང་གི་སྤང་ཐང་གིས་མཛེས་པ་དང་། དཀར་ནག་སྦྲེལ་མའི་གཞུང་ལམ་དེ་ཀྱག་ཀྱོག་ཏུ་སྣང་ལ། དགེ་རྒན་དམ་པས་སློབ་ཁྲིད་བྱེད་པའི་མན་ངག་དང་། སློབ་བུ་ཚོས་དཔེ་ཆ་ཀློག་པའི་སྙན་དབྱངས་ག་སར་ཁྱབ་འདུག འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་སློབ་གྲྭ་ཡིན། ཕྱི་ནས་བལྟས་ན་སློབ་གྲྭ་དེ་ཡིད་དུ་འོང་ལ། ནང་དུ་སོང་ན་སློབ་གྲྭ་ནི་སྔར་ལས་མཛེས་སྡུག་ལྡན། སློབ་གྲྭ་ནི་ང་ཚོ་སློབ་མའི་ཁྱིམ་ཚང་ཡིན་པ་དང་། ང་ཚོའི་བྱམས་བརྩེ་དང་བརྩེ་སེམས་ཟབ་མོ་ཡང་གནས་དེ་རུ་ཆགས་ཡོད། ང་རང་སློབ་གྲྭ་ལ་དགའ། སློབ་གྲྭའི་སྐྱེད་ཚལ་ནས་ང་ཚོའི་དྭངས་གཙང་གི་བསམ་བློའི་རྒྱུད་ལ། ཤེས་རིག་གི་མྱུ་གུ་འབུས་བྱུང་། མཛེས་སྡུག་ལྡན་པའི་སློབ་གྲྭ་ནི་ནམ་ཡང་བརྗེད་ཐབས་མེད།