གློག་བརྙན《ང་ཚོའི་འདས་ཟིན་པའི་ལང་ཚོ་ལ་འབུལ་བ》

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


   གློག་བརྙན་དེ་རང་རྒྱལ་གྱི་བུད་མེད་འཁྲབ་སྟོན་པ་གྲགས་ཅན་ཀྲའོ་ཝེ་ཡིས་འཁྲབ་ཁྲིད་བྱས་པ་དང་། མཚོ་འགག་ངོགས་གཉིས་ཀྱི་འཁྲབ་སྟོན་པ་ཀྲའོ་ཡིའུ་ཐིང་དང་། ཧན་ཀེན། དབྱང་ཙི་ཧྲན་སོགས་ཀྱིས་འཁྲབ་མཁན་གཙོ་བོ་བྱས་པ། གླུ་བ་གྲགས་ཅན་ཝང་ཧྥེན་གྱིས་བརྗོད་བྱ་མཚོན་བྱེད་ཀྱི་གླུ《ལང་ཚོ་ལ་འབུལ་བ》བླངས་པའི་ལང་ཚོའི་གཏམ་རྒྱུད་བཤད་པའི་གློག་བརྙན་གསར་པ་ཞིག་ཡིན། 
        གློག་བརྙན་དེའི་ནང་དུ་གཞོན་ནུ་མ་ཀྲེང་ཝེ་དང་བཅས་པའི་མི་འགའ་སློབ་གྲྭ་ཆེན་མོར་ཞུགས་པ་ནས་འགོ་ཚུགས་ཏེ། སློབ་གྲྭ་ཆེན་མོར་ཡོད་པའི་ལོ་བཞི་རུ་ཁོ་ཚོའི་ལང་ཚོ་དང་། བརྩེ་གདུང་། འཚར་ལོངས་བྱུང་བ་སོགས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་སྟོན་པ་མ་ཟད། སློབ་གྲྭ་ཆེན་མོ་ནས་ཕྱིར་ཐོན་ཏེ་ཁོ་ཚོ་ལས་གནས་སྣ་ཚོགས་ལ་ཞུགས་ནས། ཁོ་ཚོའི་ལས་ཀ་དང་། བརྩེ་གདུང་། གཉེན་སྒྲིག་ཚང་མ་རིམ་བཞིན་དངོས་ཡོད་སྤྱི་ཚོགས་དང་འབྲེལ་ཏེ། ན་གཞོན་གྱི་ལོ་ཟླ་ལ་ཕྱི་ལྟས་བྱས་ན་རྩ་ཆེ་བའི་དྲན་རྟེན་ཞིག་ཏུ་གྱུར་ཡོད་པའང་སྟོན་པ་རེད།
        གློག་བརྙན་དེ་ཟླ4པའི་ཚེས26ཉིན་ནས་བཟུང་རྒྱལ་ཡོངས་སུ་བསྟན་པས། སྟོན་འགོ་ཚུགས་པའི་ཉིན་དེའི་འཛིན་བཙོངས་ཀྱི་ཡོང་འབབ་སྒོར་ཁྲི4650ཟིན་ཡོད་པ་དང་། ཟླ5པའི་ཚེས7ཉིན་དུ་མཚམས་འཇོག་པ་རེད། གློག་བརྙན་དེ་ཀྲུང་གོའི་སྐམ་ས་ཆེན་མོའི་ས་ཁུལ་དུ་ཉིན12བསྟན་ཡོད་དེ། འཛིན་བཙོངས་ཀྱི་ཡོང་འབབ་སྒོར་དུང་ཕྱུར5.2ཟིན་པ་རེད།