རིན་ཆེན་བཙོ་ཐལ་བཟོས་ནས་ཀན་སུའུ་ཐེ་བོའི་བོད་སྨན་གྱི་སྟོང་ཆ་བསྐངས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


        ཉེ་ལམ།  རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་བོད་སྨན་ཁང་གི་ལས་སྒྲུབ་པ་ཡོངས་དང་འབྲེལ་ཡོད་གདན་ཞུའི་ཆེད་མཁས་དག་ལྷན་དུ་འབད་བརྩོན་འོག  རིན་ཆེན་བཙོ་ཐལ་བོད་སྨན་བཟོས་ནས་ལེགས་འགྲུབ་བྱུང་ཞིང་།  དེས་ཀན་སུའུ་ཐེ་བོ་རྫོང་གི་བོད་སྨན་བཟོ་སྐྲུན་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་བསྐངས་པ་རེད། 
        བོད་སྨན་འདི་བཟོ་བའི་གོ་རིམ་ཁྲོད།  གདན་ཞུ་བྱས་པ་ལྟར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་སྨན་ཞིབ་འཇུག་ཁང་གི་འགོ་གཙོ་དང་མཛོད་དགེ་རྫོང་བོད་སྨན་ཁང་གི་འགོ་གཙོ་ལེ་དབྱུང་གིས་རིན་ཆེན་བཙོ་ཐལ་བཟོ་སྣོན་ལག་རྩལ་ཐད་ནས་ཁྲིད་སྟོན་གནང་ལ། ཆེད་མཁས་པ་རྣམས་ཀྱིས་ཡུལ་དངོས་གཟིགས་ཞིབ་བྱས་ཏེ། ཐེ་བོ་རྫོང་བོད་སྨན་ཁང་གིས་རིན་ཆེན་བཙོ་ཐལ་བཟོ་སྐྲུན་གྱི་དུས་སྔོན་གྲ་སྒྲིག་ཤིན་ཏུ་ལེགས་ཤིང་། བོད་སྨན་སྨན་རྫས་སྤུས་བཟང་བ་དང་སྦྱོར་ཐབས་ཚད་ལྡན་ཡིན་པ། སྲོལ་རྒྱུན་བོད་སྨན་བཟོ་སྣོན་གྱི་རྨང་གཞིའི་སྟེང་གསར་གཏོད་ལྡན་པའི་སྒོ་ནས་རིན་ཆེན་བཙོ་ཐལ་བཟོ་རྩལ་ལ་སྔར་ལས་ལུགས་མཐུན་དང་སྔོན་ཐོན་རང་བཞིན། ཡིད་རྟོན་རང་བཞིན་བཅས་ཀྱི་ཁྱད་ཆོས་ཐོན་ཡོད་པར་འདོད།
        དེ་མིན་བོད་སྨན་ཆེད་མཁས་པ་རྣམས་ཀྱིས་དངུལ་ཆུས་བཙོ་ཐལ་སྦྱོར་བའི་དུས་སྔོན་གྲ་སྒྲིག་དང་། སྨན་སྦྱོར་གོ་རིམ་སོགས་སུ་ཡུལ་དངོས་ཀྱི་ལག་རྩལ་ཁྲིད་སྟོན་གནང་བ་དང་། སྨན་པ་རྣམས་ཀྱིས་འབད་པ་གང་ལེགས་བྱས་མཐར་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བཟོ་སྐྲུན་ལེགས་འགྲུབ་བྱུང་བ་མ་ཟད་ནད་ཐོག་ལག་ལེན་དུའང་བཀོལ་སྤྱོད་བྱས།