རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
“ཨ་མ།ངས་ངེས་པར་དུ་དུག་བཅད་ནས་སྐྱོན་སྤངས་རྒྱུ་ཡིན།”འགྲོ་ཁར་ཆན་ལགས་ཀྱིས་ཨ་མའི་སྔོན་དུ་པུས་མོ་བཙུགས་ཏེ་དགོངས་སེལ་བྱས་པ།འདི་ནི་དུག་འཐེན་པའི་ཆན་ལགས་བཙན་ཤེད་ཀྱིས་དུག་གཅོད་པར་སྐྱེལ་རྒྱུའི་སྔོན་དུ་པའོ་ཧོ་སྤྱི་བདེ་མངག་གཏོང་ཁང་དུ་བྱུང་བའི་གནས་ཚུལ་ཞིག་ཡིན།
ཆན་ལགས་ནི་འབའ་ལུང་རྫོང་ཡུང་ཁྲོན་ཤང་ཡུང་ཁྲོན་གྲོང་སྡེའི་གྲོང་མི་ཞིག་ཡིན།ཐོག་མཐའ་བར་གསུམ་དུ་ཁྱིམ་ནང་ཡོད་ཅིང་ཞིང་ལས་བྱས་པ་རེད། 2012ལོར།སྲིད་གཞུང་གིས་ཆན་ལགས་ཁྱིམ་ཚང་གི་ས་ཆ་འགའ་ཤས་བསྡུ་ལེན་བྱས་པའི་རྐྱེན་གྱིས།ཆན་ལགས་ལ་གྲངས་ཚད་མི་ཉུང་བའི་སྐྱིན་དངུལ་ཡོད་དེ།ཁོང་གིས་དུག་རྫས་འཐེན་འགོ་ཚུགས་པ་རེད།ད་ལོའི་ཟླ་3པར།ཆན་ལགས་ཀྱིས་དུག་འཐེན་པའི་བྱ་སྤྱོད་ཁྱིམ་མིས་མཐོང་བ་དང་།ཟླ་4པའི་ཟླ་འགོར།ཆན་ལགས་ཁྱིམ་མིས་ཕེབས་རོགས་འོག་པའོ་ཧོ་སྤྱི་བདེ་མངག་གཏོང་ཁང་དུ་ཡོང་ནས།རང་གིས་དུག་རྫས་འཐེན་པའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་མ་ཟད།ད་དུང་རང་འགུལ་གྱིས་དུག་གཅོད་པར་རོགས་སྐྱོར་བྱེད་རོགས་ཞུ་བའི་རེ་བ་བཏོན་པ།གནས་ཚུལ་ཤེས་གསལ་བྱུང་ནས།སྤྱི་བདེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཆན་ལགས་ཀྱི་དུག་འཐེན་བྱ་སྤྱོད་སྐོར་གྱི་འབྲེལ་ཡོད་དཔང་རྟགས་དང་དཔྱད་ཡིག་འཚོལ་བསྡུ་བྱས་རྗེས།དེ་བཙན་ཤེད་ཀྱིས་ལོགས་སུ་བཞག་སྟེ་དུག་གཅོད་དུ་ཞུགས་པར་སྐྱེལ་བ་དང་།ཡང་ན་ཆན་ལགས་ཀྱིས་ཡིད་ཆེས་བརྟན་པོར་གྱུར་ནས་སྔོན་ཚུད་དུ་དུག་གཅོད་དེ་ཁྱིམ་མི་དང་མཉམ་འཛོམས་བྱེད་པར་བསྟོད་སྐུལ་བྱས་པ།
ད་ལོ་ནས་བཟུང་།འབའ་ལུང་རྫོང་སྤྱི་བདེ་ཅུས་ཀྱིས་གཏིང་ཟབ་ཏུ་དུག་འབྲེལ་དང་དུག་འཐེན་མི་སྣར་དྲག་རྡུང་ལེགས་སྒྲིག་གི་ཆེད་དམིགས་བྱ་སྤྱོད་སྤེལ་ནས།ཕྱོགས་ཡོངས་ནས་དུག་འཐེན་མི་སྣ་དང་།དུག་འཚོང་རྒྱག་པའི་མི་སྣ་ལ་ཁྱད་བསད་ཞིབ་བཤེར་བྱས་པ།དེ་དང་ཆབས་ཅིག་ཏུ་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དུག་གཅོད་པར་ཁོར་ཡུག་ལེགས་པོ་ཞིག་བཙུགས་པ་དང་།དུག་འཐེན་མི་སྣས་དུག་གཅོད་པར་རོགས་རམ་བྱས།འབྱུང་འགོ་ནས་དུག་འཐེན་མི་སྣ་ཉུང་དུ་བཏང་བ་རེད།བསྡོམས་བརྩི་བྱས་པར་གཞིགས་ཏེ།ཅུས་འདིས་དུག་བཀག་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་4སྤེལ་ནས།སློབ་གསོ་ཐེབས་པའི་མི་ཐེངས་465ལ་ཟིན་པ།མི་དམངས་ཉེན་རྟོག་པ་12ཀྱིས་“གཅིག་གིས་གཅིག་ལ་རོགས་རམ་བྱེད་པའི”བྱ་ཐབས་སྤྱད་ནས་དུག་འཐེན་མི་སྣ་ལ་དུག་གཅོད་རོགས་རམ་བྱས་པ་རེད །