རྩོམ་པ་པོ།   སྒྲོལ་མ་གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2013-05-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་རེའི་བེ་ཤ་ཉོ་སྒྲུབ་བྱེད་པའི་དུས་ཚིགས་སུ་མ་དངུལ་མང་པོ་དགོས་པའི་རྐྱེན་གྱིས།འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་རོགས་སྐྱོར་བྱས་པའི་མ་དངུལ་གྱིས་ཀུང་སིའི་མ་དངུལ་འཁོར་རྒྱུག་དང་ཞིང་པའི་ལག་དངུལ་ཡོང་འབབ་ལ་འགན་སྲུང་བྱས་པ།”སེམས་ཀྱི་ཉི་ཟླ་རྫོང་ཧྲེན་པའོ་བཟའ་བཅའ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིའི་ནོར་སྲིད་སྤྱི་ཁྱབ་ལྟ་ཞིབ་པས་དེ་ལྟར་བཤད་བྱུང་།
འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་ཧུར་ཐག་ངང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་བྱས་ནས།ཤུགས་ཆེན་གྱིས་ཁེ་ལས་འབྲིང་བ་དང་ཆུང་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ་རེད།2012ལོའི་ཟླ་10པར་སེམས་ཀྱི་ཉི་ཟླ་རྫོང་ཧྲེན་པའོ་བཟའ་བཅའ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་ལ་ཚོང་ལས་ཀྱི་འཁོར་རྒྱུག་མ་དངུལ་སྒོར་ཁྲི་650དངུལ་བུན་བཏང་ནས།ཀུང་སིས་དུས་ཐོག་ཏུ་མ་སྐྱེད་འཇལ་སྤྲོད་བྱས་ཤིང་།ཡིད་རྟོན་ཟིན་བྲིས་རྣམ་པ་ལེགས་པ་རེད།ཉེ་སྔོན།འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་ཀུང་སིར་འཚམས་འདྲི་ཞུ་ལན་བྱས་ནས།དངུལ་བུན་གཏོང་བའི་མ་དངུལ་སྤྱད་པའི་གནས་ཚུལ་དང་ཀུང་སིའི་ཡིད་རྟོན་དང་འཕེལ་རྒྱས་གནས་ཚུལ་གོ་རྟོགས་བྱུང་ཞིང་།ཀུང་སིས་དངུལ་ཁང་གི་ལས་དོན་ལ་བཏོན་པའི་བསམ་འཆར་ཉན་ཏེ།ཕན་ཚུལ་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས།གཉིས་ཕན་གྱི་རྣམ་པ་མངོན་འགྱུར་བྱུང་བ་རེད།
བེ་ཤ་ཉོ་སྒྲུབ་བྱེད་པའི་དུས་ཚིགས་སུ་ཀུང་སིས་བེ་ཤ་འཐུ་ཞིང་འཚོང་བའི་ཞིང་པ་ལ་ལག་དངུལ་སྤྲད་པ།ལོ་རེ་ལ་བེ་ཤ་ཏུན་1200་ནས་1800བར་ཉོ་སྒྲུབ་བྱས་ཏེ།རིན་ཐང་སྒོར་ཁྲི་2.4ཟིན་ཞིང་།ཞིང་དུད་3000ལྷག་ལ་ཕན་ཐོབ་པ་དང་།དུད་ཚང་རེའི་ཡོང་འབབ་སྒོར་5000ཡན་ཟིན་པ།དུས་མཚུངས་སུ།ལོ་རེར་སྤྱི་ཚོགས་ལ་ལས་གནས་420ལྷག་བཏོན་ཞིང་ཐོན་རྫས་ལས་སྣོན་བྱས་ནས།ས་ཆ་དེ་དག་གི་ཞིང་པའི་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།རྒྱལ་ཐང་གྲོང་རྡལ་སྐྱིད་བདེ་གྲོང་སྡེའི་གྲོང་མི་ཚེ་རིང་སྒྲོལ་མས་“ན་ནིང་།ངེད་ཚང་གི་མི་གསུམ་གྱིས་བེ་ཤ་འཐུས་ནས།དངུལ་སྒོར་ཁྲི་3རག་བྱུང་བ།ཁྱིམ་ནང་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་བེ་ཤ་ལ་བརྟེན་པའི་རྐྱེན་གྱིས།ད་ལོའང་ཡོང་འབབ་བཟང་བོ་ཡོང་ཐུབ་པའི་རེ་བ་ཡོད”ཅེས་བཤད་པ་རེད།