རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཟླ་5ཚེས་17ཉིན་དུས་ཡུན་ཉིན་བཞི་ཡི་སྐབས་དགུ་པའི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་སྟོན་ཚོགས་ཧྲེན་ཀྲེན་གྱི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་།སྐབས་འདིའི་རིག་གནས་དངོས་མང་ཉོ་ཚོང་སྟོན་ཚོགས་སུ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཚོགས་པ་དང་།ཁེ་ལས།སྒྲིག་གཞི་བཅས་2118ཞུགས་པ་དེ་སྐབས་གོང་མ་ལས་190མང་དུ་ཕྱིན་ཡོད།རིག་གནས་དངོས་མང་ཉོ་ཚོང་སྟོན་ཚོགས་ཀྱི་འགྲེམས་ཁང་ནང་ས་གནས་ཁག་གི་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་འཁྲབ་འཁྲུག་ཆ་དོད་ལ་ངོ་མཚར་ཆེ་ཞིང་།འདི་ནི་ཚེས་17ཉིན་རིག་གནས་དངོས་མང་ཉོ་ཚོང་སྟོན་ཚོགས་ཧྲའན་ཤིས་འགྲེམས་ཁང་དུ་ཞབས་བྲོ་བས་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།