2013ལོའི་འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-20   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        2013ལོའི་འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དེ་ཟླ་5ཚེས་19ཉིན་ནས་ཚེས་25ཉིན་བར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དུས་མཉམ་དུ་སྤེལ་རྒྱུ་ཡིན་ཞིང་།བརྗོད་བྱ་གཙོ་བོ་ནི“ཚན་རིག་དང་མཐུན་པའི་ངང་འབྲུ་རིགས་གྲོན་ཆུང་དང་གྱོ ང་གུན་ཉུང་གཏོང་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད”ཅེས་པ་དེ་ཡིན་ལ།དེའི་དམིགས་ཡུལ་ནི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་དྲིལ་བསྒྲགས་ལ་བརྟེན་ནས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།འབྲུ་རིགས་གྲོན་ཆུང་དང་གྱོ ང་གུན་ཉུང་གཏོང་གི་ལག་རྩལ་གྲུབ་འབྲས་དྲིལ་བསྒྲགས་ཀྱིས་འབྲུ་རིགས་གྲོན་ཆུང་བྱ་རྒྱུ་དེ་རེད།